ལི་ཐང་རྫོང་། རྐང་འཁོར་བར་རོགས་སྐྱོབ་བྱེད་ཆེད། འགྲིམ་འགྲུལ་ཉེན་རྟོག་པ་ཁབ་སྲུབས་དགུ་བརྒྱབ།

2017-07-20 09:20:43

མཐའ་མཐའ་དང་ལས་གྲོགས་མྱུར་དུ་རོགས་སྐྱོབ་འགྲོ་བ། རོགས་སྐྱོབ་བྱེད་པའི་སྐབས་སུ་མཐའ་མཐའ་གཟབ་ནན་མ་བྱས་པར་ཐང་ལ་འགྱེལ་ཏེ་རྨས་སྐྱོན་ཕོག རང་ཉིད་གྱི་ལུས་ཕུང་བདེ་ཐང་ལ་མི་འཛེམ་པ་ལུས་པོའི་ན་ཟུག་སྒོམ། ལས་གྲོགས་ཀྱི་རོགས་རམ་དང་མཉམ་དུ། རྐང་འཁོར་བ་ལི་ཐང་རྫོང་མི་དམངས་སྨན་ཁང་ལ་སྐྱེལ།

འདྲེན་ཚིག མཐའ་མཐའ་དང་ལས་གྲོགས་མྱུར་དུ་རོགས་སྐྱོབ་འགྲོ་བ། རོགས་སྐྱོབ་བྱེད་པའི་སྐབས་སུ་མཐའ་མཐའ་གཟབ་ནན་མ་བྱས་པར་ཐང་ལ་འགྱེལ་ཏེ་རྨས་སྐྱོན་ཕོག རང་ཉིད་གྱི་ལུས་ཕུང་བདེ་ཐང་ལ་མི་འཛེམ་པ་ལུས་པོའི་ན་ཟུག་སྒོམ། ལས་གྲོགས་ཀྱི་རོགས་རམ་དང་མཉམ་དུ། རྐང་འཁོར་བ་ལི་ཐང་རྫོང་མི་དམངས་སྨན་ཁང་ལ་སྐྱེལ།

རང་དྲ་བས་ཡའེ་ཁྱམ་ཕིང་དང་ནི་ཧང་ཡུང་། ཟླ་བ་བཞི་པའི་ཚེས་ལྔ་ཉིན། ཧོ་པེ་རྐང་འཁོར་བ་ཚོ་གཅིག་ལི་ཐང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཏུ་རྨས་སྐྱོན་ཕོག་པའི་བློ་མཐུན་མཐའ་མཐའ་ལ་བདེ་འདྲི་ཞུ་བ་ཡོང་། སེམས་བཟང་གི་འགྲིམ་འགྲུལ་ཉེན་རྟོག་པས་རང་ཉིད་གྱི་བདེ་ཐང་ལ་མི་འཛེམ་ནས་མགོ་ཡོམ་འཁོར་བའི་རྐང་འཁོར་བར་རོགས་སྐྱོབ་བྱེད་རྒྱུ་ལ་ཐུགས་རྗེ་ཆེ་ཞུ།

 

མཉམ་འགྲོ་རྐང་འཁོར་བའི་མཐའ་མཐའ་ལ་མོས་འཐད་བྱེད།

ཤེས་རྟོགས་བྱུང་བ་གཞིགས་ན། ཟླ་བ་བཞི་པའི་ཚེས་བཞི་ཉིན། ལི་ཐང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་པ་རུ་ཁག་ཉེན་རྟོགས་ལག་གཡོག་མཐའ་མཐའ་སྲང་ལམ་ན་སྐོར་གཡེང་བྱེད་དུས་ཡུལ་སྐོར་བ་ཞིག་གིས་རོགས་རམ་འབོད་ལ། ཁོས་ངེད་ཚོ་ཧོ་པེ་ནས་ཡོང་བའི་རྐང་འཁོར་བ་ཡིན། རོགས་པ་གཅིག་མགོ་ཡོམ་འཁོར་ནས་ལི་ཐང་རྫོང་ཤར་གྲོང་སྒོ་ན་ལོག་ལ། ཚེ་སྲོག་ལ་ཉེན་ན་ཁ་ཤིན་ཏུ་ཆེན་པ་ཡོད་ཅེས་བཤད། མཐའ་མཐའ་དང་ལས་གྲོགས་མྱུར་དུ་རོགས་སྐྱོབ་འགྲོ་བ། རོགས་སྐྱོབ་བྱེད་པའི་སྐབས་སུ་མཐའ་མཐའ་གཟབ་ནན་མ་བྱས་པར་ཐང་ལ་་འགྱེལ་ཏེ་རྨས་སྐྱོན་ཕོག རང་ཉིད་གྱི་ལུས་ཕུང་བདེ་ཐང་ལ་མི་འཛེམ་པ་ལུས་པོའི་ན་ཟུག་སྒོམ། ལས་གྲོགས་ཀྱི་རོགས་རམ་དང་མཉམ་དུ། རྐང་འཁོར་བ་ལི་ཐང་རྫོང་མི་དམངས་སྨན་ཁང་ལ་སྐྱེལ།

ཉིན་གཉིས་པ། ཧོ་པེ་རྐང་འཁོར་བ་དེ་ཚོ་་ལི་ཐང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཏུ་རྨས་སྐྱོན་ཕོག་པའི་བློ་མཐུན་མཐའ་མཐའ་ལ་བདེ་འདྲི་ཞུ་བ་ཡོང་། ཁོ་མི་རིགས་ཀྱི་དཔའ་བོ་ཡིན་ཞེས་བསྟོད། དེ་དང་ཆབས་གཅིག་དུ་འགྲིམ་འགྲུལ་ཉེན་རྟོག་པ་ལ། མགོ་ཡོམ་འཁོར་ནས་ལོག་པའི་རོགས་པ་དེ་བདེ་འཇགས་ཀྱིས་ནང་ཁུལ་དུ་སྐྱེལ་ཐུབ་སོང་ཞེས་བཤད།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།