སྤྲོ་སྐྱིད་ཀྱི་ལུང་གྲོང་། ལྕགས་ཟམ་ཁའི་ཞིའུ་ལུང་གྲོང་རྡལ་ལོ་ཕག་རིག་གནས་ཀྱི་འགྲོ་ཐོ།

2017-07-20 17:36:54

ལོ་གསར་གྱི་ཉི་འོད་དང་པོ་ལྕགསཟམ་རྫོང་ཞིའུ་ལུང་གྲོང་རྡལ་ཞིའུ་བདེ་གྲོང་གི་ས་གཞི་ཁེངས། འཇམ་ཐིང་ངེའི་གྲོང་པ་དྲོད་འཇམ་ལྡན་པའི་ཉི་འོད་འོག་ཏུ་རིམ་གྱིས་སད། ལོ་གསར་ལ་ཉེ་བའི་དང་བསྟུན་ནས། དཀའ་ངལ་ཁྱད་བསད་ལོ་གཅིག་བྱས་པའི་གྲོང་མི་རྣམས། དུད་ཚང་ཚང་མའི་ལོ་ཕག་བཤའ་ནས་ལོ་གསར་པ་བསུ་བ།

འདྲེན་ཚིག ལོ་གསར་གྱི་ཉི་འོད་དང་པོ་ལྕགསཟམ་རྫོང་ཞིའུ་ལུང་གྲོང་རྡལ་ཞིའུ་བདེ་གྲོང་གི་ས་གཞི་ཁེངས། འཇམ་ཐིང་ངེའི་གྲོང་པ་དྲོད་འཇམ་ལྡན་པའི་ཉི་འོད་འོག་ཏུ་རིམ་གྱིས་སད། ལོ་གསར་ལ་ཉེ་བའི་དང་བསྟུན་ནས། དཀའ་ངལ་ཁྱད་བསད་ལོ་གཅིག་བྱས་པའི་གྲོང་མི་རྣམས། དུད་ཚང་ཚང་མའི་ལོ་ཕག་བཤའ་ནས་ལོ་གསར་པ་བསུ་བ།

  ངག་དབང་རྒྱ་མཚོ། སུའུ་ཞའོ་ཧཱ་ནས། ལོ་གསར་གྱི་ཉི་འོད་དང་པོ་ལྕགས་ཟམ་རྫོང་ཞིའུ་ལུང་གྲོང་རྡལ་ཞིའུ་བདེ་གྲོང་གི་ས་གཞི་ཁེངས། འཇམ་ཐིང་ངེའི་གྲོང་པ་དྲོད་འཇམ་ལྡན་པའི་ཉི་འོད་འོག་ཏུ་རིམ་གྱིས་སད། ལོ་གསར་ལ་ཉེ་བའི་དང་བསྟུན་ནས། དཀའ་ངལ་ཁྱད་བསད་ལོ་གཅིག་བྱས་པའི་གྲོང་མི་རྣམས། དུད་ཚང་ཚང་མའི་ལོ་ཕག་བཤའ་ནས་ལོ་གསར་པ་བསུ་བ། ལོ་ཕག་རིག་གནས་ས་འདི་གའི་རྒྱུན་འཛིན་ཡུན་རིང་གི་ཡུལ་སྲོལ་རིག་གནས་ཤིག་ཏུ་འགྱུར། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་དགོས་མཁོ་དང་འཕྲོད་པའི་ཆེད་དུ། ལྕགས་ཟམ་རྫོང་ཞིའུ་བདེ་གྲོང་གིས་མུ་མཐུད་དུ་ལོ་ཕག་རིག་གནས་ལོ་འགའ་ཤས་སྤེལ་ཡོད། གྲོང་གསེབ་ཡུལ་སྐོར་མུ་མཐུད་དུ་འཕེལ་རྒྱས་འགྲོ་བ། གྲོང་མིའི་རྩོམ་པོར། ཞིའུ་བདེ་གྲོང་ལོ་ཕག་བཤའ་ནས་ལོ་གསར་གཏོང་བ་ལ་འདུ་འཛི་ཆེ། ད་དུང་ལོ་ཕག་བཤའ་བའི་བརྒྱུད་རིམ་ཧ་ཅང་དོ་སྣང་ཆེ། ཉིན་མོ་འདེབས་པ། སྤོས་གཏུལ་བ། གསོལ་བ་འདེབས་པ་སྣ་གཅིག་ཡང་ཉུང་མི་རུང་། ལོ་གསར་གྱི་ཉིན་དང་པོ། ཞིའུ་བདེ་གྲོང་ལོ་ཕག་རིག་གནས་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས། ལོ་ཕག་གི་བྲོ་བ། ལོ་གསར་གྱི་བྲོ་བ་ཕུན་སུམ་ཚོགས།

  

       ནམ་སྔར་མོ་ནས། གྲོང་མི་རྣམས་ཀྱིས་རང་གི་ལས་འགན་ལྟར་སྒྲུབ་པ། ཆུ་འདྲེན་པ། སྔོ་ཚལ་འཁྲུད་པ། ཁ་ལག་བཟོ་བ། ཕག་བཤའ་པ། རོགས་བྱས་པ། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའི་ཚང་གི་ཁྱིམ་དུ་འདུ་འཛི་ཧ་ཅང་ཆེ།

  སྔ་དྲོ་ཆུ་ཚོད་བཅུ་པ། ཤོག་སྦག་གི་སྒྲ་ཞིག་གྲགས་རྗེས། སྐེད་པར་ཐོག་རས་དམར་པོ་བསྡམ་པའི་འགྱོགས་བྱམས་པ་བཅུ་དྲུག་གིས་གྲོང་ནང་གི་ཕག་རྒོད་ཁུར་ཏེ། རྐེད་རྔ་རུ་ཁག་གི་སྔོན་ཁྲིད་རྗེས་སུ། གྲོང་སྐོར་གྱི་མཛད་སྒོ་འགོ་ཚུགས།

  རྔ་སྒྲའི་ནམ་མཁར་ཁེངས་པ། དབྱངས་སྙན་གྱི་སྐད་སྒྲ་ཁྱབ་པ། གནས་དངོས་གང་ས་གང་དུ་དུས་ཆེན་གྱི་རྣམ་པ་ཁྱབ། རྔམ་བརྗིད་ལྡན་པའི་རུ་ཁག་གིས་གྲོང་མི་དང་ཡུལ་སྐོར་བ་མང་པའི་ཡིད་དབང་བཀུག་པ། ཁྱད་པར་དུ་རུ་ཁག་ནང་ལ་གླུ་ལེན་པའི་གྲོང་མིའི་སྐད་གདངས་དང་གླུ་ཚིག་གིས་ལ་གླུའི་ཁྱད་ཆོས་ཕུན་སུམ་ཚོགས་པར་བཏོན། ཞིའུ་བདེ་གྲོང་དགུན་ཟླའི་རྗེས་སུ། གྲོང་མི་རྣམས་དུད་ཚང་ཚང་མའི་ཕག་བཤའ་པ། ཕན་ཚུན་འགྲོ་རེས་བྱས་ལ། ལོ་ཕག་ཟ་བ། གོམས་སྲོལ་འདི་བརྒྱུད་འཛིན་ལོ་བརྒྱ་ལྷག་ཙམ་བྱས་ཟིན། ཞིའུ་བདེ་གྲོང་གི་གྲོང་མིའི་སེམས་སུ། ལོ་ཕག་རིག་གནས་དུས་ཆེན་ནི་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་ཡིན། སྔ་དྲོ་ཆུ་ཚོད་བཅུ་དང་ཕྱེད། ཡུལ་སྐོར་རུ་ཁག་ཞིའུ་བདེ་གྲོང་གྲོང་རིམ་གྱི་བྱ་འགུལ་སྤེལ་ཁང་དུ་སླེབས། ཕག་རྒོད་གར་སྟེགས་ཀྱི་ཁྲོད་དུ་བཞག་པ། སྤོས་གཏུལ་ཏེ་སྨོན་ལམ་འདེབས་རྗེས། ས་གནས་དེ་གའི་གྲོང་མིས་གླུ་ལེན་བྲོ་འཁྲབ་ཀྱིས་དུས་ཆེན་འདིའི་ལེགས་འགྲུབ་བྱུང་བར་དགའ་སྟོན་རྟེན་འབྲེལ་ཞུ། གྲོང་མིའི་རང་བརྩམས་རང་འཁྲབ་བྱས་པའི་༼མེས་རྒྱས་ལགས་བཀྲ་ཤིས་བདེ་ལེགས༽༼དུས་ཆེན་སླེབས་པར་རྟེན་འབྲེལ་ཞུ་བ༽༼སྡོམ་དམར་ལ་བསྟོད་བསྔགས༽། ཡུལ་དངོས་ལ་འཁྲབ་པའི་ལ་གླུ་ལེན་པ་དང་རྩ་ལྷམ་འཐག་པ་སོགས། བྲོ་རེ་རེ་དང་གཞས་རེ་རེའི་གྲོང་མི་རྣམས་ཀྱི་ཏང་དང་རྒྱལ་ཁབ། འཚོ་བ་གསར་པར་ཚད་མེད་ཀྱི་དགའ་ཞེན་མངོན།

  ཐེངས་འདིའི་ཞི་བདེ་གྲོང་གི་ལོ་ཕག་རིག་གནས་དུས་ཆེན། ས་འདི་གའི་གྲོང་མིའི་མཉམ་དུ་རྟེན་འབྲེལ་ཞུ་བའི་ཉིན་མོ་ཡིན་པ་མ་ཟད། ད་དུང་ཁྲུང་ཆིང་། སུའུ་ཀྲོའུ། ཧྲེན་ཀྲེན་གྱི་ཡུལ་སྐོར་བ་འགུག་འདྲེན་པ། ཁོ་ཚོས་འདི་ལྟར་བཏོན། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་དུས་ཆེན་དང་ཕུན་སུམ་ཚོགས་པའི་ཡུལ་གའི་རིག་རྩམ་ལེ་ཚན་གྱིས་ཁོ་ཚོར་རི་རྒྱུད་ནོར་གྱི་སྒར་བའི་འོག་གི་གྲོང་མིའི་སྤྲོ་སེམས་མྱོང་ལ། ཐུན་མོང་མ་ཡིན་པའི་དུས་ཆེན་ཞག་རོལ་སོང་།

  ཧྲེན་ཀྲེན་གྱི་ཡུལ་སྐོར་བ་ལུས་ཕིན་ངོ་མཚར་བའི་དམངས་སྲོལ་རིག་གནས་འདིའི་ཡིད་དབང་ཟབ་མོ་འཕྲོག་སྟེ། ང་ཡུན་རིང་ཧྲེན་ཀྲེན་དུ་ལས་དོན་སྒྲུབ་པ། ལས་ཀ་དང་འཚོ་བའི་ཐོག་གི་གནོན་ཤུགས་ཅུང་ཆེ་བ། ཧྲེན་ཀྲེན་དུ། ང་ཚོའི་ཟས་པའི་ཕག་ཤ་དང་བྱ་ཤ། ད་དུང་རིགས་སྣ་ཚོགས་ཀྱི་སྔོ་ཚལ། ཚང་མར་བྲོ་བ་འདི་འདྲ་མེད། ཐེངས་འདིར་རོགས་པའི་ངོ་སྤྲོད་ལྟར་འདི་ག་བྱེད་སྒོ་ཞིག་ཡོད་ཟེར། ང་ཉིན་གཉིས་ཀྱི་སྔོན་ལ་ལྕགས་ཟམ་ཁ་ལ་ཡོང་ཚར། དེ་རིང་ལོ་ཕག་རིག་གནས་དུས་ཆེན་ལ་དུ་ཞུགས་པས། ངའི་བསམ་ན་ཧ་ཅང་ཡག་པོ་འདུག ད་དུང་འདི་ནི་གྲོང་པའི་ཡུལ་སྐོར་གྱི་དཔེ་ལྟ་གྲོང་ཞིག་ཡིན། བྱེད་སྒོ་འདི་ཚོས་མིར་མཐོང་ཐོས་གསར་པ་བྱུང་།

  ཡུལ་སྐོར་བ་ཀའོ་ཅིང་ཏང་གིས་ཕྱོགས་གཅིག་ནས་ཁ་པའི་པར་རྒྱག་སྟེ། ཕྱོགས་གཅིག་ནས་རྩོམ་པོར། ང་གྲོགས་པའི་ངོ་སྤྲོད་བྱས་པར་ལྟར། ད་ལོར་རྐང་ཚུགས་ཀྱིས་ལོ་ཕག་རིག་གནས་དུས་ཆེན་ལ་ཞུགས་ཡོང་བ་ཡིན། ས་འདིའི་དམངས་སྲོལ་གཞུང་དྲང་བབ་ཆགས་ལ། སྡོད་ཁང་འཛུགས་སྐྲུན་ལ་ཁྱད་ཆོས་ལྡན། གྲོང་མི་རྣམས་ལ་སྤྲོ་སེམས་ཆེན་པོ་ཡོད། འདི་ནི་རི་རྒྱུད་ནོར་གྱི་སྒར་བ་འོག་གི་གྲོང་པ་དང་པོ་ཡིན། སྣེ་ལེན་སྒྲིག་བཀོད་ཡང་ཆ་ཚང་བ་ཡིན། ཁྱད་པར་དུ་འདིའི་ལོ་ཕག་ཞིམ་པོ་རེད་འདུག ང་ཕྱིར་འགྲོ་རྗེས་གྲོགས་པོ་རྣམས་འཁྲིད་ནས་བསྐྱུར་དུ་ཡོང་རྒྱུ་ཡིན།

  ཞིའུ་བདེ་གྲོང་གི་གྲོང་ཨུད་ཧྲུའུ་ཅི་ལའོ་ཞན་ཧང་གིས་རྩོམ་པོར། ཞི་བདེ་གྲོང་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་༡༧༠༠་ལྷག་ཡོད་ལ། རི་རྒྱུད་ནོར་གྱི་སྒར་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཡིན། ཐེངས་དང་པོའི་ལོ་ཕག་རིག་གནས་དུས་ཆེན་སྤེལ་རྗེས། སྙན་གྲགས་ཐོས་ནས་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྱུར། དེ་བས། ཡུལ་སྐོར་བར་སྡོད་ཁང་ཆ་སྤྲོད་ལ། ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་པ་གྲོང་པའི་ནང་ཁྱབ་སྤེལ་དུ་འགྲོ མིག་སྔར་ཞིའུ་བདེ་གྲོང་སྒོ་བྱང་འགེལ་བའི་ཞིང་དུད་སྤྲོ་སྐྱིད་ཁང་༡༣་ཡོད། དེའི་ནང་སྣེ་ལེན་ནུས་པ་ལྡན་པའི་ཁྱིམ་ཚང་༣༠་ཡོད། ང་ཚོའི་ཐེངས་གཉིས་པའི་ལོ་ཕག་རིག་གནས་དུས་ཆེན་སྤེལ་བ་དེ། ཡུལ་སྐོར་བ་ཇེ་མང་རི་རྒྱུད་ནོར་གྱི་སྒར་བ་གསར་སྤེལ་བྱས་པར་དང་བསྟུན་ནས། ཞིའུ་བདེ་གྲོང་དུ་ཡོང་ལ། ཞིའུ་བདེ་གྲོང་ལ་རྒྱུས་ལོན་པ། ང་ཚོའི་རྗེས་མའི་ཡུལ་སྐོར་ཁྱབ་ཁོངས་ཅན་ལ་རྨང་གཞི་གཏིང་ཟབ་འཇོག་པ། དེ་དང་བསྟུན་ནས་ལོ་ཕག་རིག་གནས་དུས་ཆེན་སྤེལ་བ་བརྒྱུད་དེ། ང་ཚོ་ཞིའུ་བདེ་གྲོང་གི་གྲོང་མི་རྣམས་དབུལ་སྒྲོལ་འབྱོར་འབྲིང་གི་ལམ་དུ་འཚོ་བ་ཡག་པོ་རོ་ཐུབ་པ་དང་། ཁང་པ་ཡག་པོ་བསྡད་ཐུབ་པ། གོམས་གཤིས་ཡག་པོ་ཆགས་ལ། དར་སྲོལ་ཡག་པོ་ཆགས་པ།

  རྒྱུས་ལོན་ལ་དམིགས་ན། རིམ་པ་རྗེས་མར་ཞིའུ་བདེ་གྲོང་གིས་དགུན་དུས་ཀྱི་ལོ་ཕག་དུས་ཆེན་ལ་གཞི་བཟུང་ནས། རིམ་བཞིན་དཔྱིད་དུས་ཀྱི་ཡུལ་སྐོར་བའི་དུས་ཆེན། དབྱར་དུས་ཀྱི་ཚ་གཡོལ་དུས་ཆེན། སྟོན་དུས་ཀྱི་སྟར་ཀའི་དུས་ཆེན་སོགས་སྤེལ་རྒྱུ་ཡིན། ད་དུང་འདོན་མ་མྱོང་བའི་ས་འདི་ཡུལ་སྐོར་བ་ཇེ་མང་ལ་མངོན་རྒྱུ་ཡིན།

དཔེ་རིས་ཕྱོགས་སྒྲིག:ལྷ་སྒང་གི་མཛེས་སྡུག

དཔེ་རིས་ཕྱོགས་སྒྲིག:ལྷིང་འཇགས་ཀྱི་དབང་ཕྱུག་མཚོ།

དཔེ་རིས་ཕྱོགས་སྒྲིག:རོང་བྲག་དང་ས་དེ་གའི་ལོ་གསར།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།