ཁམས་བྱང་བྱིས་པའི་ཕན་བདེ་ཁང་གི་སྤྲོ་སྐྱིད་མཉམ་འཛོམས་ཀྱི་ལོ།

2017-07-20 17:21:43

དཀར་མཛེས་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཐང་གིས་ངོ་སྤྲོད་བྱས་པར་ལྟར། ཁམས་བྱང་བྱིས་པའི་ཕན་བདེ་ཁང་ལ་བསྡོམས་པའི་མ་དངུལ་ཁྲི་༢༦༡༨་འཇོག་པ་དང་། བཟུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༩༠༠། ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༨༦༥། ༢༠༡༤་ལོ་འཛུགས་སྐྲུན་ལེགས་འགྲུབ་པ་དང་བེད་སྤྱོད་འགོ་བརྩམས་པ། མིག་སྔར། ཕན་བདེ་ཁང་གིས་དཀར་མཛེས་ཁུལ་བྱང་རྒྱུད་རྫོང་བདུན་གྱི་དྭ་ཕྲུག་༨༨་ཉར་གསོ་བྱས། དེའི་ནང་། ཕན་བདེ་ཁང་གིས་གཅིག་སྡུད་ཀྱིས་མི་གྲངས་༨༡་གསོ་སྐྱོང་དང་། ཁྱིམ་ཚང་དུ་མི་གྲངས་༧་གསོ་བཅོས་བྱས།

འདྲེན་ཚིག དཀར་མཛེས་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཐང་གིས་ངོ་སྤྲོད་བྱས་པར་ལྟར། ཁམས་བྱང་བྱིས་པའི་ཕན་བདེ་ཁང་ལ་བསྡོམས་པའི་མ་དངུལ་ཁྲི་༢༦༡༨་འཇོག་པ་དང་། བཟུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༩༠༠། ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༨༦༥། ༢༠༡༤་ལོ་འཛུགས་སྐྲུན་ལེགས་འགྲུབ་པ་དང་བེད་སྤྱོད་འགོ་བརྩམས་པ། མིག་སྔར། ཕན་བདེ་ཁང་གིས་དཀར་མཛེས་ཁུལ་བྱང་རྒྱུད་རྫོང་བདུན་གྱི་དྭ་ཕྲུག་༨༨་ཉར་གསོ་བྱས། དེའི་ནང་། ཕན་བདེ་ཁང་གིས་གཅིག་སྡུད་ཀྱིས་མི་གྲངས་༨༡་གསོ་སྐྱོང་དང་། ཁྱིམ་ཚང་དུ་མི་གྲངས་༧་གསོ་བཅོས་བྱས།

༢༠༡༧་ལོའི་ཟླ་༡་པའི་ཚེས་༢༩་ཉིན། ཕན་བདེ་ཁང་གིས་བྱིས་པ་རྣམས་གླུ་གར་ཁེངས་པའི་ངང་ལོ་གསར་གཏོང་བ།

རང་དྲ་བ་ཡུས་ཡིའི་ཆིན་ནས། ནང་མི་ཚང་མ་མཉམ་འཛོམས་བྱས་པ། ཁྱིམ་ཚང་གི་བྱམས་བརྩེ་བསྐྱངས་པའི་སྐབས་ལ། ཕན་བདེ་ཁང་གི་བྱིས་པ་རྣམས་ཀྱིས་ལོ་གསར་ཅི་ལྟར་གཏོང་བ། ཟླ་༡་པའི་ཚེས་༢༧་ཉིན། རྩོམ་པོ་དཀར་མཛེས་རྫོང་ཁམས་བྱང་ཕན་བདེ་ཁང་དུ་སླེབས་པ། ས་འདི་གའི་ལོ་གསར་གྱི་རྣམ་པ་མྱོང་བ། བྱིས་པ་རྣམས་བདེ་སྐྱིད་ཀྱི་འཚོ་བ་དཔང་། ཟླ་བ་༡་པའི་ཚེས་༢༧་ཉིན་གྱི་སྔ་དྲོ། ཉི་མ་དབང་མོ་རྨི་ལམ་ལས་སད། གྱོན་གོས་གསར་པ་གསར་རྐྱང་ཞིག་ཉལ་ཁྲིའི་འགྲམ་ལ་གྲལ་སྟར་འགྲིག་པའི་སྒྲིག་གཤོམ་བྱས་ཡོད། ཁོས་སྤྲོ་སེམས་ཆེན་པོའི་ལྭ་བ་ཁུར་ནས་ཕར་ལྟ་ཚུར་ལྟ་བྱས། དགད་མོས་ཁ་ཡང་བཙུམ་མ་ཐུབ། ལྭ་བ་གསར་བ་གྱོན་རྗེས། འཚོ་བའི་དགེ་རྒན་ཨ་མ་དབྱངས་མཚོ་ཀྱིས་དབང་མོ་ཆུང་ཆུང་ལ་ཧ་ཅང་མཛེས་པའི་སྐྲ་ཞིག་ཤད་དེ། སྐྲ་རྒྱན་སྐྱ་ཚོན་ཞིག་འདོག ལོ་༦་གི་དབང་མོ་ཆུང་ཆུང་བྲག་འགོའི་མི་ཡིན་ལ། ཕན་བདེ་ཁང་གི་ལོ་ན་ཆེས་ཆུང་བའི་བྱིས་པ་ཡིན། དབང་མོ་ཆུང་ཆུང་དང་ལྭ་བ་གསར་བ་གྱོན་པའི་གཅེན་པོ་དང་གཅེན་མོ་རྣམས་རྩེད་མོ་བྱས།

ཨ་མའི་ལོ་ན་ཆུང་ཆེ་བའི་བྱིས་པ་རྣམས་འཕྲིད་ཁྲིད་ནས་ལོ་གསར་ཆ་ཡིག་སྦྱར་བ་དང་། ལྒང་ཞུ་བཀལ། དགའ་སྤྲོར་རོལ་ཞིང་སྐྱིད་པའི་རྣམ་པའི་ཁྱབ། ང་ལོ་གསུམ་གྱི་རིང་ལ་ཁྱིམ་ལ་ལོ་གསར་གཏོང་མ་མྱོང་ཞེས་འཚོ་བའི་དགེ་རྒན་དབྱངས་འཚོའི་བཤད། བྱིས་པ་རྣམས་ལ་སྤྲོ་སྐྱིད་ཀྱི་ཁྱིམ་ཞིག་སྤྲོད་པ་དང་། ཁོ་ཚོར་རྒྱུན་ལྡན་གྱི་ཁྱིམ་ཚང་འདྲ་མཉམ་འཛོམས་ཀྱི་ལོ་གསར་ཞིག་གཏོང་བཅུག་པའི་རྐྱེན་གྱིས་ཡིན། གནམ་གང་དགོང་མོར། ཕན་བདེ་ཁང་གི་ལས་ཀ་བྱེད་མཁན་རྣམས་རང་ཁྱིམ་ལ་སོང་མེད་ལ་རང་གི་ཕྲུ་གུ་དང་མཉམ་དུ་ལོ་གསར་མ་གཏོང་སྟེ། ཕན་བདེ་ཁང་གི་བྱིས་པ་རྣམས་འགྲམ་དུ་རོགས་བྱས་ནས་བསྡད། ས་འདི་གའི་བྱིས་པ་རྣམས་ལ་སྤྲོ་དགའ་བདེ་སྐྱིད་ཀྱི་ལོ་གསར་ཞིག་གཏོང་བཅུག་པའི་ཆེད་དུ། དཀར་མཛེས་རྫོང་ཨུད། རྫོང་སྲིད་གཞུང་གིས་ཕག་ཤ། སྔོ་ཚོལ། ཤིང་ཏོག་དང་འོ་མ་སྐྱེལ། ལོ་ན་ཆུང་ཆེ་བའི་བུ་ཆུང་ཁ་ཤས་ཀྱིས་ཇ་མ་ཇ་ཁང་དུ་རོགས་བྱས་བཞིན་ཡོད། དགུང་ཟས་ཟས་རྗེས། ཕན་བདེ་ཁང་ལོ་གསར་དུས་ཆེན་གྱི་ཁྱིམ་ཚང་གི་མཉམ་སྤྲོའི་ཚོགས་འདུ་འགོ་ཚུགས། བྱིས་པ་རྣམས་གྱིས་ཧ་ཅང་གཉོམ་པའི་སྐད་གདངས་དང་མཛེས་ཤིང་སྒེག་པའི་སྟངས་སྟབས་བརྒྱུད་དེ། ཕན་བདེ་ཁང་གི་འཆམ་མཐུན་ཁྱིམ་ཚང་ཆེན་མོའི་ནང་གི་འཚོ་བའི་སྤྲོ་སྐྱིད་དང་བདེ་སྐྱིད་བཏོན་ལ། བྱ་ལོ་སླེབས་པ་སྤྲོ་སེམས་ངང་བསུ། ཕན་བདེ་ཁང་གི་བྱིས་པ་དོན་འགྲུབ་དབང་མོའི་རྩོམ་པོར། ཕན་བདེ་ཁང་ནང་དུ་ལོ་གསར་གཏོང་བ་ཧ་ཅང་སྐྱིད་པོ་ཡིན། རྒྱུ་མཚན་ནི་འདི་ན་ང་ཚོར་ལྟ་སྐྱོང་བྱས་པའི་ཨ་ཕ་དང་། ནུ་བོ་དང་སྲིང་པོ་སོགས་ཡོད་ལ། རྒན་བཀུར་ཁང་གི་སྤོ་བོ་དང་རྨོ་བོ་ཡང་བསུ་ཡོད། འདི་ནི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་མོ་ཞིག་ཡིན།

ཐེངས་འདིའི་མཉམ་སྤྲོ་ཚོགས་འདུའི་ཐོག་ལ། དོན་འགྲུབ་དབང་མོའི་ནུ་བོ་དང་སྲིང་མོ་སོགས་འཁྲིད་ནས་༼ངའི་མེས་རྒྱལ༽་ཞེས་པའི་སྙན་ངག་གྱེར་འདོན་བྱས། བྱིས་པའི་ཕན་བདེ་ཁང་གི་འགོ་འཛིན་ཆང་ཙཱང་ཞང་གིས་རྩོམ་པོར། ཁོ་ཚོས་མཉམ་སྤྲོ་ཚོགས་འདུ་འདི་འཚོགས་པའི་དམིགས་ཡུལ་ནི་བྱིས་པ་རྣམས་ལ་རང་བཀུར་དང་རང་གཅེས་ལ་སྐུལ་འདེབས་བྱས་པ། ཁོ་ཚོར་སྤྱི་ཚོགས་ཐུགས་འཁུར་མྱོང་བཅུག་པ། ཁོ་ཚོར་སྔར་བས་བདེ་ཐང་སྤྲོ་སྐྱིད་ཀྱི་ནར་སོན་པར་རོགས་རམ། དེ་དང་མཉམ་དུ་རྒན་བཀུར་ཁང་གི་རྒན་པ་རྣམས་གདན་གཞུ་ནས་ལོ་གསར་མཉམ་གཏོང་བྱས་ཏེ། ཟས་ཞིམ་མཉམ་དུ་སྤྱོད་པ། སྤྲོ་སྐྱིད་མཉམ་དུ་སྤྱོད་པ། ཁྱིམ་ཚང་མཉམ་སྤྲོའི་ཚོགས་འདུའི་རྗེས་སུ། རྒན་པོ་དང་བྱིས་པ་རྣམས་ཇ་ཁང་དུ་ལོ་གསར་གྱི་མཉམ་འཛོམས་བྱས། ལས་ཀ་བྱེད་མཁན་གྱི་གྲ་སྒྲིག་བྱས་པའི་ལོ་ཟས་བཟའ། དཀར་མཛེས་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཐང་གིས་ངོ་སྤྲོད་བྱས་པར་ལྟར། ཁམས་བྱང་ཕན་བྱིས་པའི་ཕན་བདེ་ཁང་ལ་བསྡོམས་པའི་མ་དངུལ་ཁྲི་༢༦༡༨་འཇོག་པ་དང་། བཟུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༩༠༠། ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༨༦༥། ༢༠༡༤་ལོ་འཛུགས་སྐྲུན་ལེགས་འགྲུབ་པ་དང་བེད་སྤྱོད་འགོ་བརྩམས་པ། མིག་སྔར། ཕན་བདེ་ཁང་གིས་དཀར་མཛེས་ཁུལ་བྱང་རྒྱུད་རྫོང་བདུན་གྱི་དྭ་ཕྲུག་༨༨་ཉར་གསོ་བྱས། དེའི་ནང་། ཕན་བདེ་ཁང་གིས་གཅིག་སྡུད་ཀྱིས་མི་གྲངས་༨༡་གསོ་སྐྱོང་དང་། ཁྱིམ་ཚང་དུ་མི་གྲངས་༧་གསོ་བཅོས་བྱས།

དཔེ་རིས་ཕྱོགས་སྒྲིག:སྟོན་དུས་ཁྲོན་ནུབ་ལ་བསྐྱོད་པ།

དཔེ་རིས་ཕྱོགས་སྒྲིག:ལྷ་སྒང་གི་མཛེས་སྡུག

དཔེ་རིས་ཕྱོགས་སྒྲིག:ལྷིང་འཇགས་ཀྱི་དབང་ཕྱུག་མཚོ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།