ཁམས་པའི་ལ་གཞས་ཏེ། གྱང་གླུ།

2018-08-03 16:04:08

གྱང་གླུ་ནི་བོད་ཁང་པའི་ས་གྱང་རྡུང་བའི་སྐབས་ལེན་པའི་ངལ་རྩོལ་གྱི་གླུ...


གྱང་གླུ་ནི་བོད་ཁང་པའི་ས་གྱང་རྡུང་བའི་སྐབས་ལེན་པའི་ངལ་རྩོལ་གྱི་གླུའི་རིགས་ཤིག ཁང་པ་འདི་རིགས་ཀྱི་གྱང་ནི་གྱོ་རྩིག་པ་མིན་ལ། གྱང་ཤིང་ཆེན་པོ་གཉིས་རྩིག་རྨང་གི་ཕྱོགས་གཉིས་སུ་འཇོག་ལ། ལྕང་ཤིང་གྲལ་འགྲིག་པོ་སར་བཙུགས་ནས་ཕྱོགས་གཉིས་ཀྱི་གྱང་ཤིང་བརྟན་པོ་བསྡམས་ནས་ས་རློན་པ་བླུག་སྟེ། མི་རྣམས་དེའི་ཐོག་ཏུ་བང་ལྟར་སྒྲིག་ལ་ལག་ཏུ་མགོ་ཕྲ་ལ་རྐུབ་སྦོམ་པའི་གྱང་ཐོ་རེ་ཁུར་ནས་གྱང་རྡུང་ཞོར་ཏུ་གྱང་གླུ་ལེན། ངལ་རྩོལ་གྱི་གླུ་འདི་རིགས་ལ་ནང་དོན་ཅུང་ཕུན་སུམ་ཚོགས་པ། བཀྲ་ཤིས་ཤིས་སྨོན་གྱི་ནང་དོན་ཡོད་ལ། མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་བུ་བུ་མོའི་བརྩེ་དུང་སོགས་ཀྱང་ཡང་ལྡན། གླུའི་གྲུབ་ཚུལ་གྱི་རྣམ་པ་ཅུང་སྟབས་བདེ་མོ་ཡིན་པ། གདངས་གཏོང་སྟངས་དང་གདངས་མཚམས་ཀྱང་སྣ་གཅིག་ཡིན་མོད། འོན་ཀྱང་དེའི་གཞས་གདངས་ནི་ཧ་ཅང་ཕུན་སུམ་ཚོགས་པོ་དང་། རོལ་དབྱངས་ཀྱི་འགྱུར་ཁུག་ལ་རྣམ་པ་སྣ་ཚོགས་ཡོད་འདུག གླུ་ལེན་གྱི་རྣམ་པ་ནི་ཕལ་ཆེར་དྲི་བ་དྲིས་ལན་གྱི་གླུ་ལེན་རེས་རྣམ་པ་ཡིན་པ། གླུ་འདི་རིགས་ལ་ངལ་རྩོལ་དང་ལྟད་མོ་ཟུང་དུ་འབྲེལ་བས། བརྩེ་དུང་ཆེ་ལ། སྤྲོ་སྣང་ལྡན་པ། ཐུན་མོང་མ་ཡིན་པའི་མི་རིགས་ཁྱད་ཆོས་ལྡན་ནོ།།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།