བོད་རིགས་ས་ཁུལ་གྱི་གཉེན་སྒྲིག་ལ་རྒྱུས་ལོན་པ།

2017-08-08 17:12:00

མི་ཉག་བོད་རིགས་ནི་ཁམས་པའི་ས་ཁུལ་གྱི་སྡེ་ཚོ་ཞིག་ཡིན། གནའ་ནས་བཟུང་ར...

མི་ཉག་བོད་རིགས་ནི་ཁམས་པའི་ས་ཁུལ་གྱི་སྡེ་ཚོ་ཞིག་ཡིན། གནའ་ནས་བཟུང་རྒྱལ་ཕྱི་ནང་གི་ལོ་རྒྱུས་རིག་པ་བ་དང་དམངས་སྲོལ་མཁས་ཅན། པར་རྒྱག་མཁན། ཡུལ་སྐོར་དགའ་མཁན་གྱི་ཡ་མཚན་དང་ཐུགས་ཁུར་བྱས་པ་ཡིན། ཡུལ་སྐོར་བ་མང་ཚོགས་དང་པར་རྒྱག་མཁན་གྱི་ཐུགས་ཁུར་དང་དགོས་མཁོའི་ཆེད་དུ། འདི་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས། ལོ་རྒྱུས་ལྡན་པ་དང་རིག་གནས་ཕུན་སུམ་ཚོགས་པའི་མི་ཉག་བོད་རིགས་སྲོལ་རྒྱུན་ཀྱི་གཉེན་སྒྲིག་ཅིག་སྤེལ་རྒྱུ་ཡིན། མི་ཉག་བོད་རིགས་སྲོལ་རྒྱུན་གྱི་གཉེན་སྒྲིག་གིས་གྱོན་ཆས་གནའ་བོའི་བབ་ཆགས། གཏམ་གླུའི་ཚིག་ཆུ་ཚོད་༦་ལྷག་ཙམ་རིང་བའི་བོད་ཁུལ་གྱི་གེ་སར་གླིང་སྒྲུང་གཉིས་པ་ཞེས་པའི་མཚན་སྙན་ཡོད། ཁོའི་གཉེན་སྟོན་མཛད་སྒོ་རྣམ་པར་བཀྲ་ལ་སྤྲོ་བ་ལྡན། སྣ་མང་གི་གཏམ་གླུའི་ཚིག་གནམ་ས་བར་ནས་བྱུང་བ། དུས་རབས་རིམ་བྱུང་གི་བོད་ཀྱི་རྒྱལ་པོའི་མཛད་རྗེས། ཚོ་བའི་རིག་གནས། ཁ་བཏགས་རིག་གནས། ཇ་ལོ། ཆང་དང་ཚྭའི་རིག་གནས་ནས་བག་གསར་གྱི་ཕ་ཡུལ་གྱི་རི་ཀླུང་ཆུ་རྒྱུན། ཁང་པ་ཞིང་ས། རི་བོ།འབྲོག་རའི་བར་དུ་བཤད་པ། གཉེན་སྟོན་མཛད་སྒོ་རིགས་མང་༣༠་ལྷག་ཙམ་ཡོད། མུ་མཐུད་དུ་ཉིན་ཞག་གསུམ་སྤེལ། འཛམ་གླིང་ཐོག་རིང་ཤོས་ཀྱི་གཉེན་སྒྲིག་ཡིན་ཟེར་མཆོག

མི་ཉག་བོད་གྲོང་ཕུར་བུ་བསོད་ནམས་རྡོ་རྗེའི་ལོ་ཕྱེད་ཀྱི་ཞིབ་མོ་ཡིས་ཇུས་འགོད་དང་གྲ་སྒྲིག་གི་འོག་ཏུ། བོད་ཁུལ་ཆེས་ཁྱད་ཆོས་ལྡན་པ་དང་ཆེས་རིང་བའི་མི་ཉག་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་སྤེལ་རྒྱུ་ཡིན། ཐེངས་འདིའི་གཉེན་སྒྲིག་བྱེད་ས་ནི་ཉག་ཆུ་ཁ་རྗོང་དང་བར་ཐག་སྤྱི་ལེ་༡༨་ཡོད་པ། གཞུང་ལམ་༣༡༨་ཀྱི་འགྲམ་དུ་ཡིན། ཆུ། གློག ལམ། བརྡ་འཕྲིན་བདེ་བགྲོད་སོགས་སྟབས་བདེ་བ། སྡོད་ཁང་ནང་སྒྲིག་ཆས་ཆ་ཚང་བ། མགྲོན་པོ་དགའ་བསུ་ཆེན་བའི་བོད་རིགས་གྲོགས་པོ་རྣམས་ཀྱི་སྤྲོ་སེམས་འཁོལ་བའི་ཁྱོད་ལ་བོད་རིགས་ལོ་གསར་གྱི་ནང་དུ། ཀྲུང་གོའི་ཉག་ཆུ་ཁ་བོད་གྲོང་དུ་འཛམ་གླིང་གི་རིང་ཤོས་ཀྱི་གཉེན་སྒྲིག་སྟེ། མི་ཉག་རིགས་སྲོལ་རྒྱུན་གཉེན་སྒྲིག་ལ་ལྟ་ཡོང་བ་གདན་ཞུ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།