ཕྱིེ་རྒྱལ་ཁོངས་ཀྱི་བོད་རིགས་དང་ཕྱི་སྡོད་རང་མི་ཕ་ཡུལ་དཀར་མཛེས་ལ་ཕྱིར་སླེབས་པ། ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ་མྱོང་བ།

2017-07-20 18:05:29

༼འདྲེན་ཚིག༽ ཞིང་ཆེན་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞང་ལས་ཁང་ཝུན་ཞོན་ཁྲུའུ་ཡི་ཁྲུའུ་ཀྲང་གིས་ངོ་སྤྲོད་ངོ་སྤྲོད་བྱས་པ་ལྟར། ཐེངས་འདིའི་ཀྲུང་གོའི་འབྱུང་རྩ་འཚོལ་བའི་ཡུལ་སྐོར་སྤེལ་བའི་དམིགས་ཡུལ་ནི། ཕྱི་རྒྱལ་ལ་ཡུན་རིང་སྡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ཁུལ་གྱི་ཆོས་ལུགས་སྲུང་སྐྱོབ། སྨན་བཅོས་འཕྲོད་བསྟེན། སློབ་གསོ་ལས་དོན་སོགས་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་མྱོང་བཅུག་པ་ཡིན།

རང་དྲ་བ་མལ་ཆའོ་ཟླ་བ་༧་པའི་ཚེས་༢་ཉིན། ཉིན་གཉིས་ཀྱི་ཕྱིེ་རྒྱལ་ཁོངས་བོད་རིགས་དང་ཕྱི་སྡོད་རང་མིའི་བུ་རྒྱུད་ཀྲུང་གོའི་འབྱུང་རྩ་འཚོལ་བའི་ཡུལ་སྐོར་གྱི་ཐོག་མའི་འབབ་ཚུགས་དར་མདོ་རུ་སླེབས། ཡང་སྲིད་འཚོལ་བའི་ཚོགས་པ་སྔོན་རྗེས་སུ་དར་མདོའི་ལྷ་སྒང་དགོན་པ། དཀར་མཛེས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གཉིས་པ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལ་ལྟ་སྐོར་བྱས། བོད་ཁུལ་གྱི་རིག་གནས། སྨན་གསོ། སློབ་གསོའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

ལྷ་སྒང་དགོན་པ་འཇལ་རྗེས། ཨ་རིའི་ཉིའུ་གཡོན་ཀྲོའུ་ཡིས་བཙུགས་པའི་སློབ་ཆེན་ལ་སློབ་སྦྱོང་བྱས་པའི་བོད་རིགས་སློབ་མ་དགེ་བཟང་གིས། བོད་ཁུལ་གྱི་རིག་གནས་འཕེལ་རྒྱས་ཀྱི་མྱུར་ཚད་དང་། རིག་གནས་ལ་སྲུང་སྐྱོབ་གྱིས་མི་རྣམས་ལ་མཐོང་ཐོས་གསར་པ་སྤྲོད་ཅེས་བཤད།

ཀྲུང་གོའི་འབྱུང་རྩ་འཚོལ་བའི་ཡུལ་སྐོར་ཚོགས་པ་ལྷ་སྒང་དགོན་པའི་བདུན་གྱི་མཉམ་རྒྱག་འདྲ་པར།

དགེ་བཟང་གིས། སློབ་ཆུང་ལོ་རིམ་བཞི་བའི་སྐབས་སུ། ཁོ་ཕ་མ་དང་མཉམ་དུ་ལི་ཐང་དང་ཁ་བྲལ་ཏེ། ཨ་རི་ལ་སོང་བ། འདི་ནི་ཐེངས་དང་པོ་མེས་རྒྱལ་ལ་སླེབས་པ། ཕ་ཡུལ་ལ་སླེབས་པ་ཡིན། ཁོས་གསར་འགྱུར་བར། ཐེངས་འདིའི་ཡུལ་སྐོར་མ་བྱས་པའི་སྔོན་ལ། ཁོའི་སེམས་ནང་གི་བོད་ཁུལ་གྱི་རྣམ་པ་ནི་ད་རུང་དུས་རབས་སྔོན་མའི་ལོ་རབས་༨༠་དང་༩༠་ཙམ་ལ་ལུས་འདུག ཐེངས་འདིའི་གནས་དངོས་ལ་ལྟ་དུས། བོད་ཁུལ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་ཡིན།

ཁོའི་རྗེས་དྲན་བྱས། སློབ་ཆུང་སྐབས་ཀྱི་དྲན་ཤེས་ཀྱི་ནང་དུ། དཀར་མཛེས་ཁུལ་གང་ས་གང་དུ་འདམ་ལམ་ཡིན། གློག་སྤྱོད་པ་ནི་དེ་ལས་དཀའ་མོ་ཡིན། ད་ལྟ་གང་ས་གང་དུ་སྣུམ་ནག་ལམ་བུ་ཡིན་ལ། འཕྲིན་གཏོང་བྱས་པའི་སྒྲིག་བཀོད་སོགས་ཀྱང་སྟབས་བདེ་མོ་རེད་སོང་།

ཚོགས་པའི་ནང་གི་ལོ་ན་ཆེས་གཞོན་བའི་selena་ལས་ཀ་བྱེད་མཁན་རྣམས་ཀྱིས་འཁྲིད་པའི་འོག་ཏུ། ཡུ་དཔོན་རིག་གནས་སྦྱོང་བཞིན་ཡོད།

ཁུལ་མི་རིགས་བཤམས་སྟོན་ཁང་གི་ནང་དུ་བོད་མི་རིགས་འཚོ་བའི་ཐོན་སྐྱེད་ལག་ཆས་ལ་ལྟ་བའི་སྐབས་སུ། བོད་ལྗོངས་ཆབ་མདོ་ནས་ཕྱི་རྒྱལ་ལ་འགྲོ་བའི་ངག་དབང་ཆོས་སྒྲོན་གྱིས་མར་ཇ་དཀྲོག་བཞིན་ཡོད་ཅེས་བཤད།

ཆོས་སྒྲོན་གྱིས་གསར་འགྱུར་བར། ཐེངས་འདི་ཕ་ཡུལ་ཕྱིར་ལོག་རྗེས། ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསལ་པོ་མཐོང་། ཕྱིར་འགྲོ་རྗེས། དངོས་ཡིད་ཀྱི་བོད་ཁུལ་ཕྱི་རྒྱལ་གྱི་མི་གྲོགས་པོ་རྣམས་ལ་བཤད་རྒྱུ་ཡིན།

ཚོགས་པ་ཁུལ་མི་དམངས་སྨན་ཁང་གཉིས་པར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ངོ་སྤྲོད་ཉན་བཞིན་ཡོད།

ཁུལ་མི་དམངས་སྨན་ཁང་གཉིས་པ་དང་ཞིང་ཆེན་བོད་ཡིག་སློབ་གྲྭར་ལྟ་སྐོར་བྱས་རྗེས། བོད་ལྗོངས་ལྷ་ས་ནས་ཕྱི་རྒྱལ་ལ་འགྲོ་བའི་ཐུབ་བསྟན་དར་རྒྱས་ཀྱིས་བཤད་པའི་ཆེས་མང་བའི་སྐད་ཆ་ནི། ངས་ཨ་རིའི་གྲོགས་པོ་རྣམས་ལ་ཕ་ཡུལ་གྱི་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་ཁོ་ཚོར་བཤད་དགོས།

ཞིང་ཆེན་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་གཞང་ལས་ཁང་ཝུན་ཞོན་ཁྲུའུ་ཡི་ཁྲུའུ་ཀྲང་གིས་ངོ་སྤྲོད་ངོ་སྤྲོད་བྱས་པ་ལྟར། ཐེངས་འདིའི་ཀྲུང་གོའི་འབྱུང་རྩ་འཚོལ་བའི་ཡུལ་སྐོར་སྤེལ་བའི་དམིགས་ཡུལ་ནི། ཕྱི་རྒྱལ་ལ་ཡུན་རིང་སྡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ཁུལ་གྱི་ཆོས་ལུགས་སྲུང་སྐྱོབ། སྨན་བཅོས་འཕྲོད་བསྟེན། སློབ་གསོ་ལས་དོན་སོགས་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་མྱོང་བཅུག་པ་ཡིན།

ཚོགས་པས་ཞིང་ཆེན་བོད་ཡིག་སློབ་གྲྭའི་དཔེ་མཛོད་ཁང་ལ་ལྟ་བཞིན་ཡོད།

ཤེས་རྟོགས་བྱུང་བ་གཞིགས་ན། ཐེངས་འདེིའི་དཀར་མཛེས་ལ་བསྐྱོད་པའི་ལས་འགུལ་གྱིས་ཨ་རི། བལ་བོའི་ཕྱིེ་རྒྱལ་ཁོངས་བོད་རིགས་དང་ཕྱི་སྡོད་རང་མི་༡༦་གདན་ཞུ་ཡོད། ཁོ་ཚོ་ད་དུང་ལྕགས་ཟམ་ཁ་དང་། དུང་དཀར་ལུང་པ་སོགས་ལ་འགྲོ་ནས། རང་རེའི་ཁུལ་གྱིས་དམར་པོའི་རིག་གནས། ཡུལ་སྐོར་འཕེལ་རྒྱས་སོགས་ལ་ལྟ་སྐོར་ཉམས་ལེན་བྱས་དགོས་པ།

དའ་ིའདོུཟའིགའན

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།