དཀར་མཛེས་རྫོང་དུས་ཚིགས་གཉིས་པའི་ཚན་ཁག་གལ་ཆེན་གཅིག་བསྡུས་ཐོག་སྐྲུན་འགོ་ཚུགས་པ། བསྡོམས་པའི་མ་དངུལ་དུང་ཕྱུར་༤༣༦་༣༣་གཏོང་བ།

2017-07-20 17:52:37

འདྲེན་ཚིག ཐེངས་འདིའི་ཚན་ཁག་གཅིག་བསྡུས་ཐོག་འཛུགས་སྐྲུན་འགོ་ཚུགས་པས། ད་ལོའི་དུས་ཚིགས་དང་པའི་ཚན་ཁག་༡༦༢་གཅིག་བསྡུས་ཀྱིས་འགོ་ཚུགས་པ་ནས། ཁུལ་ཡོངས་ཀྱི་ཚན་ཁག་འཛུགས་སྐྲུན་མཐོ་རླབས་གསར་པ་ཡང་བསྐྱར་འཕྱུར་བ། འདིའི་རྣམ་གྲངས་ཀྱི་འདེགས་སྐྱོར་དང་མ་དངུལ་གྱི་འཇོག་ཚད་ནུས་པ་ཆེ་རུ་འགྲོ གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་རྨང་གཞི་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ནུས་ཤུགས་འདོན་པ།

སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར་གྱིས་དཀར་མཛེས་ནས་གསར་འགྱུར། གསར་འགྱུར་བ་ཡན་ཡའོ་ཁན། ཡན་ཆན་ནས་པར་དང་རྩོམ། ཟླ་༦་པའི་ཚེས་༢༧་ཉིན། དཀར་མཛེས་ཁུལ་གྱིས་དཔལ་ཡུལ་རྫོང་དུ་ཁུལ་ཡོངས་དུས་ཚིགས་གཉིས་པའི་ཚན་ཁག་གལ་ཆེན་གཅིག་བསྡུས་ཐོག་སྐྲུན་འགོ་ཚུགས་པ་སྟེ་གཡེར་པ་ཐང་ཆུ་ཤུགས་གློག་ཁང་ལས་འགོ་ཚུགས་པ། དཀར་མཛེས་ཁུལ་ཨུད་ཧྲུའུ་ཅི་གཞོན་པ་ལུས་ཅང། ཀྲོའུ་ཨུད་ཀྱི་རྒྱུན་ཨུད། ཁུལ་གྱི་སྲིད་གཞུང་རྒྱུན་ལས་འགོ་འཛིན་གཞོན་པ་ཀྲའོ་པའོ་འགོ་ཚུགས་མཛད་སྒོ་ལ་ཞུགས།

ཐེངས་འདིའི་གཅིག་བསྡུས་ཀྱི་འགོ་ཚུགས་པའི་རྣམ་གྲངས་དཔལ་ཡུལ་གཡེར་པ་ཐང་ཆུ་ཤུགས་གློག་ཁང་དང་། རྒྱལ་གཞུང་༢༡༥་དཔལ་ཐང་གྲོང་པ་ལུང་ནས་སྡེ་རོང་འབྲུག་གཉིས་ཟམ་པའི་གཞུང་ལམ་ཨར་ལས། འདབ་པ་ཆུ་བེད་བཟོ་སྐྲུན། དཔལ་ཐང་འབའ་ཆུའི་ཆུ་བེད་བཟོ་སྐྲུན་ཆུ་ཡུར་གྱི་ལེ་ལག་ཚང་བའི་བཟོ་གྲྭ དར་མདོ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་འཕྲོད་བསྟེན་སྦས་ས། རྫོང་སོོ་སོའི་ཐུམ་འབུའི་ནད་ཁམས་སོས་གསོ་བཅོས་ལྟེ་གནས་དང་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་འཛུགས་སྐྲུན་ཚན་ཁག་སོགས་ཚན་ཁག་༡༧༦་གསར་སྐྲུན་བྱས། ཚན་ཁག་གི་ནང་དུ་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ཀྱི་གོང་འཕེལ། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ཀྱི་བྱ་གཞག སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ། ཚན་ཁག་གི་བསྡོམས་པའི་མ་དངུལ་དུང་ཕྱུར་༤༣༦་༣༣་གཏོང་བ། ད་ལོར་མ་དངུལ་དུང་ཕྱུར་༤༤་༡༤་གཏོང་བའི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་དཀར་མཛེས་ཁུལ་གྱིས་རྣམ་གྲངས་་འཛུགས་སྐྲུན་འདི་ལས་དོན་ཁག་ནང་གི་གཙོ་བོ་བྱས། ལོ་སྤྱིར་གཏན་ཁེལ་བྱས་པའི་མ་དངུལ་དུང་ཕྱུར་༤༦༠། དུང་ཕྱུར་༤༦༥་ལ་སླེབས་ཐུབ་པ་བྱེད་རྒྱུ་ལ་ཤུགས་འདོན་པ་དང་། རྒྱ་ཆ་༦་འཕར་བ། གནད་ཆེའི་རྣམ་གྲངས་༡༧༠་གཏན་ཁེལ་བྱས། གལ་ཆེའི་ནང་ནས་གལ་ཆེའི་རྣམ་གྲངས་༦༠་སྐུལ་འདེད་བྱས། ཟླ་བ་༡་དང་༥་པར། ཁུལ་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བརྟན་འཇགས་ཀྱི་རྒྱུ་ནོར་མ་འཇོག་དུང་ཕྱུར་༡༣༦་༣༥་ལེགས་འགྲུབ་བྱུང་། དུས་མཚུངས་ལས་རྒྱ་ཆ་༡༣་༡་འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚོད་ལས་རྒྱ་ཆའི་ཚད་༡་༢་འཕར།

ཐེངས་འདིའི་ཚན་ཁག་གཅིག་བསྡུས་ཐོག་འཛུགས་སྐྲུན་འགོ་ཚུགས་པས། ད་ལོའི་དུས་ཚིགས་དང་པའི་ཚན་ཁག་༡༦༢་གཅིག་བསྡུས་ཀྱིས་འགོ་ཚུགས་པ་ནས། ཁུལ་ཡོངས་ཀྱི་ཚན་ཁག་འཛུགས་སྐྲུན་མཐོ་རླབས་གསར་པ་ཡང་བསྐྱར་འཕྱུར་བ། འདིའི་རྣམ་གྲངས་ཀྱི་འདེགས་སྐྱོར་དང་མ་དངུལ་གྱི་འཇོག་ཚད་ནུས་པ་ཆེ་རུ་འགྲོ གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་རྨང་གཞི་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ནུས་ཤུགས་འདོན་པ། ཞེས་དཀར་མཛེས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲའེ་ཐན་ཁམ་གྱིས་གསར་འགྱུར་བར་འདི་ལྟར་བཤད།

དའ་ིའདོུཟའིགའན

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།