དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་གྲབས་ཡོད།

2018-07-26 16:19:26

གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟ...


 

གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མྱུར་བགྲོད་གཞུང་ལམG4218པའི་དར་མདོའི་གཉའ་ལུང་འགོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་དུས་རིམ་གཉིས་པའི་ཐིག་ལེན་ཇུས་འགོད་སུས་འཇོན་དེ་འགུག་བྱ་རྒྱུའི་ཡོངས་བསྒྲགས་བྱས་པ་རེད། འདི་ནི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ཐིག་ལེན་ཇུས་འགོད་དངོས་སུ་སུས་འཇོན་དེ་འགུག་བྱེད་འགོ་ཚུགས་པར་མཚོན་གྱིན་རེད། 


ཤེས་རྟོགས་བྱུང་བར་གཞིགས་ན། རིང་ཚད་ཧ་ལམ་སྤྱི་ལེ78.89ཡོད་པའི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཚོད་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར137.7གཏོང་འཇོག་བྱས་ཤིང་། ཆ་སྙོམས་སྤྱི་ལེ་རེར་བཟོ་སྐྲུན་གྱི་གྲོན་དངུལ་སྒོར་ཁྲི17454ཡིན་པ་རེད། མྱུར་བགྲོད་གཞུང་ལམ་འདིའི་ཐོག་གི་ཟམ་པའི་ཆེ་ཆུང63གྱི་རིང་ཚད་བསྡོམས་འབོར་སྨི6990ཡོད་པ་དང་། ཕུག་ལམ11གི་རིང་ཚད་བསྡོམས་འབོར་སྨི43445ཡོད་པས་ཟམ་པ་དང་ཕུག་ལམ་གྱིས་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་ལས་བརྒྱ་ཆ64བཟུང་བ་རེད། གཞུང་ལམ་འདི་རླངས་འཁོར་ཆུ་ཚོད་རེར་སྤྱི་ལེ80རྒྱུག་ཆོག་པ་དང་ཕྱོགས་གཉིས་ལ་རླངས་འཁོར་བཞི་རེ་རྒྱུག་ཆོག་པའི་ཚད་གཞི་ལྟར་བྱས་ནས་ཇུས་འགོད་བྱས་པ་རེད། སྔོན་ཚོད་བྱས་ན།  མྱུར་བགྲོད་གཞུང་ལམ་འདི2018ལོའི་ལོ་མཇུག་ལ་ལས་འགོ་བཙུགས་ནས2023ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡིན་པ་རེད། 

 

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།