ལི་ཁི་ཆང་གིས་འཇར་པན་གྱི་དམངས་གྲོས་དཔོན་པོར་མཇལ་འཕྲད་གནང་།

2018-07-26 16:12:55

ཟླ7པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་པན་གྱི་དམངས་གྲོས་དཔོན་པོ་ཏ་ཏོ་ལི་སིན་ལ་མཇལ་འཕྲད་གནང་།

 


      ཟླ7པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་པན་གྱི་དམངས་གྲོས་དཔོན་པོ་ཏ་ཏོ་ལི་སིན་ལ་མཇལ་འཕྲད་གནང་།


      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་ཉེར་བཞིའི་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་པན་གྱི་དམངས་གྲོས་དཔོན་པོ་ཏ་ཏོ་ལི་སིན་ལ་མཇལ་འཕྲད་གནང་། ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ཀྱིས་བདེ་ཐང་གཏན་འཇགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་གྱི་ཁེ་ཕན་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལའང་འབྲེལ་བ་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཞི་བདེ་མཛའ་མཐུན་གྱི་ཆིངས་ཡིག་བཀོད་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་དང་འཁེལ་ཡོད་ལ། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་དགོངས་དོན་གཞིར་བཟུང་ནས། ལོ་རྒྱུས་ལ་དཔེ་ལྟ་བྱེད་པ་དང་མ་འོངས་པར་ཁ་ཕྱོགས་པ། ཕན་ཚུན་བར་གཅིག་མཐུན་བྱུང་བའི་ལྟ་ཚུལ་སྣ་ཚོགས་ལག་བསྟར་དངོས་འབེབ་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།       ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་གསར་སྐྲུན་གྲོས་མོལ་མཉམ་ལས་ལ་ཤུགས་བསྣན་ཏེ། གསར་སྐྲུན་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཧུར་ཐག་གི་སྒོ་ནས་དར་སྤེལ་དུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲོས་ཚོགས་སྟེང་བརྗེ་རེས་བྱེད་པའི་སྟེགས་བུ་བཀོད་སྤྱོད་བཟང་བོ་བྱས་ཏེ།ཁྲིམས་འཛུགས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་རྒྱུུས་ལོན་གཏིང་ཟབ་ཏུ་གཏོང་བ། ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།


      ཏ་ཏོ་ལི་སིན་གྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་ལྟར། དཔེར་མཚོན་རང་བཞིན་གྱི་ལོ་རྒྱུས་གཞིར་འཛིན་པ་དང་མ་འོངས་པའི་དགོངས་དོན་ལ་ཁ་ཕྱོགས་ནས། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

 

 

style="text-align: right;">ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།