ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་གསུང་བཤད་གལ་ཆེན་གནང་བ།

2018-05-30 11:04:07

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། ཀྲུང་...

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེའི་ཚོགས་ཆེན་ཐེངས་བཅུ་བཞི་པ་སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཀྲུང་གོ་འདི་ཉིད་སྟོབས་ཆེར་འགྱུར་བ་དང་བསྐྱར་དར་ཡོང་དགོས་ཚེ། ངེས་པར་དུ་ཚན་རྩལ་ལག་རྩལ་གོང་འཕེལ་ཤུགས་ཆེན་གཏོང་དགོས་པ་དང་། འབད་བརྩོན་ཆེན་པོས་འཛམ་གླིང་གི་ཚན་རིག་ལྟེ་གནས་གཙོ་བོ་དང་གསར་སྐྲུན་གྱི་མཐོ་སར་འགྱུར་བ་བྱེད་དགོས། དུས་བབ་ཛ་དྲག་པ་དང་། འགྲན་རྩོད་ཆེ་བ། འོས་འགན་ལྗིད་པོ་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། གོ་སྐབས་སྔོན་ལ་དམ་འཛིན་བྱེད་པ། གནད་དོན་ལ་ཁ་ཕྱོགས་པ། དཀའ་ངལ་དང་དུ་ལེན་པ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་དུ་སླེབས་པ། ཚན་རྩལ་གོང་འཕེལ་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། ལོ་རྒྱུས་ཀྱིས་སྤྲད་པའི་ལས་འགན་ལྗིད་པོ་ཕྲག་སྟེང་དུ་འཁུར་བ། དུས་རབས་གསར་པའི་ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་པ་བྱེད་ཕོད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་འཛམ་གླིང་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཏོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གི་གསུང་བཤད་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་གོང་འཕེལ་གྱི་ལག་ལེན་ལ་ཕྱོགས་སྡོམ་བྱས་པ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་བྱས་པ། གནས་བབ་ཧྲིལ་པོར་ཇུས་འགོད། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཛམ་གླིང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་རྒྱུན་འཁྱོངས་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་སྐྲུན་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པ། སྒྱུར་བཅོས་གཏིང་ཟབ་ཀྱིས་གསར་སྐྲུན་གྱི་གསོན་ཤུགས་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། གསར་སྐྲུན་སྐུལ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ངོ་བོ་ནི་ཤེས་ལྡན་མི་སྣའི་སྐུལ་ཁྲིད་ཡིན་པ། འཛམ་གླིང་ཚན་རྩལ་གསར་སྐྲུན་གྱི་དྲ་བའི་ནང་མཉམ་འདྲེས་ཐུབ་རྒྱུ་རྒྱུན་འཁྱོངས་བྱས་པ། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་གཅིག་སྡུད་ཐོག་ཤུགས་སྣོན་དང་མཆོངས་བརྒལ་མགྱོགས་སུ་བཏང་བས་ལོ་རྒྱུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གནས་སྟངས་རང་བཞིན་བཅས་ལ་འགྱུར་བ་ཆེན་པོ་བྱུང་བ་དང་། གསར་སྐྲུན་གྱི་གྲུབ་འབྲས་ཆེན་པོ་གཅིག་མཇུག་གཉིས་མཐུད་ངང་ཐོན་པ། མདུན་གྲལ་གྱི་ཕྱོགས་ཁག་གཅིག་མཉམ་བགྲོད་བྱེད་འགོ་ཚུགས་ནས་མདུན་སྐྱོད་ཀྱི་དུས་མཚམས་སུ་སླེབས་པ། ཚན་རྩལ་དངོས་ཤུགས་དེ་འབོར་གྲངས་གསོག་འཇོག་བྱེད་པ་ནས་སྤུས་ཚད་ལེགས་གཏོང་ཕྱོགས་སུ་མཆོངས་བརྒལ་ཐུབ་པ་དང་། གནས་ཀྱི་འགག་གཏོར་ནས་མ་ལག་ནུས་པ་མཐོར་གཏོང་གི་དུས་མཚམས་གལ་ཆེན་ལ་སླེབས་ཡོད་ཅེས་ནན་བཏོན་གནང་བ་དང་།

ཞི་ཅིན་ཕིང་གིས། གསར་སྐྲུན་ནི་སྒུལ་ཤུགས་དང་པོ་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་མཐོ་རུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་འདེགས་སྐྱོར་ཧུར་ཐག་བྱེད་དགོས། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུས་ལྟེ་བ་བྱེད་པ་དང་། འདེགས་སྐྱོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱས་ཏེ། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཁ་ཕྱོགས་གཙོ་བོར་འཛིན་པ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་སྤུས་ཚད་བཟང་ཆ་མངོན་གསལ་དོད་པོས་ཤུགས་ཆེར་གཏོང་དགོས། གྲངས་གཞི་ཅན་དང་། དྲ་བ་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་གོང་འཕེལ་ཡོང་བའི་གོ་སྐབས་ཁོང་དུ་ཆུད་པ་བྱེད་པ་དང་། ཆ་འཕྲིན་ཅན་དང་། རིག་ནུས་ཅན་གྱིས་བུན་ཟུག་ལ་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་ཁག་གཅིག་སྔོན་ལ་གསོ་སྤེལ་དང་གོང་འཕེལ་ཤུགས་ཆེན་གཏོང་བ། དྲ་སྦྲེལ་དང་། གྲངས་གཞི་ཆེན་མོ། མི་ཐབས་ཀྱི་རིག་ནུས་བཅས་དངོས་གཟུགས་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་མ་དཔེ་དང་ཁེ་ལས་རྣམ་པའི་རྩ་བའི་རང་བཞིན་གྱི་འགྱུར་བར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ཐོན་ལས་འཛམ་གླིང་ཧྲིལ་པོའི་རིན་ཐང་འབྲེལ་ཐག་ཁྲོད་ལེགས་གྲས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཏོན་གནང་བ་དང་།

ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་རང་རྟེན་གསར་སྐྲུན་བྱེད་པ་དང་། གསར་སྐྲུན་གྱི་ཡིད་ཆེས་བརྟན་དུ་གཏོང་བ། རང་རྟེན་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། བློ་སྤོབས་ལྡན་པའི་རྒྱལ་ཁབ་དང་མི་རིགས་ཀྱིས་ད་གཟོད་འབྱུང་འགྱུར་གྱི་ལམ་བུའི་སྟེང་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་གཏོང་ཐུབ། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་གསར་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་ཡོད་དགོས་པ་དང་། རང་གཉའ་རང་གིས་མི་གཅོག་ལ་རང་མཐོང་རང་ཆེ་མི་བྱེད་པར་འགག་སྒྲོལ་དཀའ་སེལ་དང་། ཕུལ་བྱུང་དོན་གཉེར། རྒྱལ་ཁ་ཐོབ་པ་བཅས་བྱེད་དགོས། ཚན་རྩལ་འགྲན་རྩོད་དང་འབྱུང་འགྱུར་གོང་འཕེལ་གྱི་གནས་མཐོ་ས་བརྩོན་ལེན་ཧུར་ཐག་བྱེད་དགོས་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་། མདུན་གྲལ་ཁྲིད་སྟོན་ལག་རྩལ། དེང་རབས་ལས་གཞིའི་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་བཅས་གསར་སྐྲུན་བྱ་རྒྱུས་འགག་གཏོར་བྱེད་པ། མི་གཞན་གྱིས་སྐྱོད་མི་མྱོང་བའི་ལམ་བུའི་ཐོག་སྐྱོད་ཕོད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་རང་རྟེན་ཚོད་འཛིན་མངོན་འགྱུར་ཡོང་བ་དང་། གསར་སྐྲུན་གྱི་རང་འགུལ་དབང་ཆ་དང་། གོང་འཕེལ་གྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ནང་དམ་པོར་བཟུང་དགོས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་འདོད་བློ་སྐོང་རྒྱུ་དེ་ཚན་རྩལ་གསར་སྐྲུན་གྱི་དོན་ལ་བབ་སར་བརྩི་བ་དང་། དམངས་ཕན་དང་། དམངས་ལ་སྟབས་བདེ་སྐྲུན་པ། མང་ཚོགས་ཕྱུག་པོར་འགྱུར་བ། དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ཚན་རྩལ་གསར་སྐྲུན་གྱི་ཁ་ཕྱོགས་གལ་ཆེན་ལ་བརྩི་དགོས་ཞེས་གསུངས་གནང་ཡོད་པ་དང་།

ཞི་ཅིན་ཕིང་གིས། ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། གསར་གཏོད་མ་ལག་གི་ཕན་ནུས་ཆེ་རུ་གཏོང་བ་དང་། གསར་གཏོད་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་དགོས། སྲིད་གཞུང་གི་ཚན་རྩལ་དོ་དམ་འགན་ནུས་བརྗེ་འགྱུར་མགྱོགས་པོ་བྱས་ནས། སྒྲིག་འཛུགས་ཀྱི་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། ཚན་ཞིབ་འགྲོ་གྲོན་བེད་སྤྱོད་དང་དོ་དམ་བྱེད་ཐབས་བསྒྱུར་བཅོས་དང་གསར་གཏོད་ནུས་ལྡན་བྱེད་པ་དང་། ཚན་རྩལ་གདེང་འཇོག་ལམ་ལུགས་བསྒྱུར་བཅོས་བྱས་ནས། ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱི་ཚན་རིག་རིན་ཐང་དང་། ལག་རྩལ་རིན་ཐང་། དཔལ་འབྱོར་རིན་ཐང་། སྤྱི་ཚོགས་རིན་ཐང་། རིག་གནས་རིན་ཐང་བཅས་ལ་གདེང་འཇོག་ཡང་དག་པ་བྱེད་པ་དང་། མིའི་གསར་གཏོད་རང་བཞིན་གྱི་བྱེད་སྒོ་དེ་ལུགས་མཐུན་མེད་པའི་གྲོན་དངུལ་དོ་དམ་དང་ཤེས་ལྡན་མི་སྣའི་གདེང་འཇོག་སོགས་ཀྱི་སྒྲིག་གཞིའི་ཁྲོད་ནས་བཅིངས་འགྲོལ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཛམ་གླིང་གི་ཚན་རྩལ་བཅོས་སྐྱོང་ནང་ཐེ་ཞུགས་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ལངས་ནས་རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རང་འགུལ་ངང་རྒྱལ་སྤྱིའི་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱོད་ཡག་པོ་བྱས་ཐོག མཉམ་ལས་མཉམ་རྒྱལ་གྱི་རོགས་པའི་འབྲེལ་བ་ཧུར་ཐག་འཛུགས་པ་དང་། འབྱུང་འགྱུར་གྱི་གོང་འཕེལ་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་བདེ་འཇགས། མིའི་རིགས་ཀྱི་བདེ་ཐང་། གནམ་གཤིས་འགྱུར་ལྡོག་སོགས་མིའི་རིགས་ཀྱི་ཐུན་མོང་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ་དང་། རང་ངོས་གོང་འཕེལ་ཡོང་བ་དང་ཆབས་ཅིག་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་ཕན་བདེ་བསྐྲུན་ནས། འཛམ་གླིང་གི་ཁྱབ་ཁོངས་ནང་དོ་སྙོམས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣས་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་གནས་བབ་བརྟན་པོ་འཛུགས་པ་དང་། ཤེས་ལྡན་མི་སྣ་ཁྱོན་ཡོངས་ནས་གཅིག་བསྡུས་བྱས་ཏེ། གསར་གཏོད་གོང་འཕེལ་གྱི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འཛུགས་དགོས། ཚན་རྩལ་བྱ་དགའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཕུལ་བྱུང་གི་ཚན་རྩལ་གསར་གཏོད་མི་སྣར་ལུགས་མཐུན་གྱི་ཐོབ་ཆ་རགས་པ་བྱེད་པ་དང་། རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་འདོན་སྤེལ་ཐུབ་པ་བྱེད་དགོས། བསྒྱུར་བཅོས་བྱས་པ་བརྒྱུད། དཔྱད་རྩོམ་དང་གཅིག་བདག་ཁེ་དབང་། མ་དངུལ་ཁ་གྲངས་བཅས་ཤེས་ལྡན་མི་སྣའི་གདེང་འཇོག་ཚད་གཞིར་འཛིན་པའི་ཕྱོགས་རྐྱང་པའི་བྱེད་སྟངས་ལ་འགྱུར་བ་གཏོང་བ་དང་། གུས་ལུགས་རྙོག་པོས་ཚན་རིག་མཁས་པའི་རྐང་ལག་སྡོམ་མི་རུང་ལ། རྫོགས་མཐའ་མེད་པའི་རེའུ་མིག་སྐོང་རྒྱུ་དང་ཞིབ་མཆན་འགོད་རྒྱུས་ཚན་རིག་མཁས་པའི་དུས་ཚོད་འཐུས་ཤོར་གཏོང་མི་རུང་། གསར་གཏོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ནས། ཤེས་ལྡན་མི་སྣ་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཡོད་པའི་གསོ་སྐྱོང་སྒྲིག་གཞི་དང་། འཇོན་ནུས་གང་ཡོད་འདོན་རྒྱུར་ཕན་ཐོགས་ཡོད་པའི་བེད་སྤྱོད་སྒྲིག་གཞི། འགྲན་བསྡུར་ཁྲོད་འཚར་ལོངས་དང་སོ་སོའི་བཟང་ཆ་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་པའི་སྐུལ་མའི་སྒྲིག་གཞི། རིགས་ཁག་གི་ཤེས་ལྡན་མི་སྣ་འབུར་ཐོན་ལ་ཕན་ཐོགས་ཡོད་པའི་འགྲན་རྩོད་སྒྲིག་གཞི་བཅས་གང་མགྱོགས་བཙུགས་ནས། ཤེས་ལྡན་མི་སྣ་འཚར་ལོངས་བྱེད་སའི་གཤིན་ས་བསྐྲུན་དགོས་པ་དང་། ཤེས་ལྡན་མི་སྣའི་རྩ་བ་དེ་བས་རྒྱས་པ་བྱས་ནས། གནམ་འོག་མཁས་པ་མེས་རྒྱལ་ས་གཞི་ཆེན་པོར་གཅིག་བསྡུས་དང་། བྱ་དངོས་མཐའ་དག་རང་མོས་གོང་འཕེལ་འགྲོ་བའི་གསར་གཏོད་ཀྱི་གནས་བབ་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ཚན་རྩལ་གསར་གཏོད་བྱ་གཞག་ཟམ་མི་ཆད་པར་མདུན་སྐྱོད་བྱེད་པའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཡིན། ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱིས་འཛམ་གླིང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུར་སྐུལ་སློང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སྡེ་ཁག་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་གཞག་ཐད་བཀོད་སྒྲིག་གནང་བའི་ཐོག་གཅིག་གྱུར་བྱས་ཏེ། དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་འགོ་ཁྲིད་དང་དེར་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚན་ཞིབ་སྒྲིག་སྲོལ་ལ་བརྩི་སྲུང་དང་། ཚན་ཞིབ་དོ་དམ་སྒྲིག་སྲོལ་ལ་བརྩི་སྲུང་། ཚན་ཞིབ་མི་སྣའི་བསམ་འཆར་ལ་བརྩི་བཀུར་བཅས་བྱས་ཏེ། ཚན་རྩལ་ལས་དོན་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། ཚན་རྩལ་གསར་གཏོད་ལ་ཞབས་ཞུ་ཡག་པོ་སྒྲུབ་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། གཞོན་ནུ་ནི་མེས་རྒྱལ་གྱི་མདུན་ལམ་དང་། མི་རིགས་ཀྱི་རེ་བ། གསར་གཏོད་ཀྱི་འབྱུང་འགྱུར་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕུལ་བྱུང་གི་གཞོན་ནུ་ཤེས་ལྡན་པ་བེད་སྤྱོད་གང་ལེགས་བཏང་ནས། གཞོན་ནུ་ཤེས་ལྡན་མི་སྣའི་འཚར་ལོངས་ལ་ཟམ་བསྐྲུན་ལམ་འདིང་བྱེད་པ་དང་། ཁོ་ཚོ་བསམ་བློ་ཡོད་པ་དང་། བརྩེ་སེམས་ཡོད་པ། འགན་སེམས་ཡོད་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་གྱུར་བ་བྱེད་དགོས། ཚན་རིག་མཁས་པ་ནི་ཀྲུང་གོའི་བྱིས་པ་གྲངས་ལས་འདས་པའི་ཕུགས་འདུན་ཡིན་པས། ང་ཚོས་ཚན་རྩལ་ལས་དོན་དེ་ཡིད་དབང་འགུག་ཤུགས་ཆེ་བའི་ལས་ཀར་རྩིས་པ་དང་། བྱིས་པ་ཚོས་གུས་བཀུར་དང་བློ་ཁ་ཕྱོགས་སའི་ལས་རིགས་ལ་གྱུར་བ་བྱས་ཏེ། བྱིས་པ་ཚོའི་ཕུགས་འདུན་ལ་ཚན་རྩལ་གྱི་གཤོག་ཟུང་རྒྱས་པ་བྱེད་པ་དང་། འབྱུང་འགྱུར་མེས་རྒྱལ་གྱི་ཚན་རྩལ་ཁྱབ་ཁོངས་ནང་ཤེས་ལྡན་མི་སྣ་ལྷན་འཛོམས་ཐུབ་པ། འབྱུང་འགྱུར་ཚན་རིག་གི་ནམ་མཁའ་ཡངས་པོར་ཤེས་ལྡན་མི་སྣའི་སྐར་ཚོགས་བཀྲམ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁག་ཅིག་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཚོགས་ཆེན་ནི་ཀྲུང་གོ་ཚན་རིག་ཁང་གི་འགོ་འཛིན་པེ་ཁྲུན་ལིས་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་འགོ་འཛིན་ཀྲོའུ་ཅིས་འགོ་ཚུགས་ཤིས་ཚིག་གསུངས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི་༡༣༠༠ལྷག་དང་། ཚན་རིག་མཁས་པ་བརྒྱ་དང་གཞི་རིམ་ཚན་རྩལ་ལས་དོན་པ་བརྒྱའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དེ་བཞིན་དམག་དཔུང་བཅས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན། པེ་ཅིང་དུ་ཡོད་པའི་འབྲེལ་ཡོད་ཚན་ཞིབ་ལས་ཁུངས་ཀྱི་ཚན་རྩལ་མི་སྣ། མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།