བོད་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

2018-05-29 10:52:02

ད་ཆ་ལས་སྒོ་གཉེར་བར་བང་སྒྲིག་མི་དགོས་པར་ཧ་ཅང་སྟབས་བདེ་པོ་འདུག གློག...

“ད་ཆ་ལས་སྒོ་གཉེར་བར་བང་སྒྲིག་མི་དགོས་པར་ཧ་ཅང་སྟབས་བདེ་པོ་འདུག གློག་རྡུལ་པར་གཞི་སྔ་སྣུར་དུ་བསྐྱལ་ན་འགྲིག་པ་དང་ལས་ཕྱོད་ཧ་ཅང་ཆེན་པོ་འདུག”ཉེ་ཆར་རང་ལྗོངས་ཀྱི་ཁེ་ལས་ག་གེ་མོ་ཞིག་གི་འགན་འཁུར་བ་ཁང་རུང་གིས་སྐར་མ་ཁ་ཤས་ནང་ཁེ་ལས་ཀྱི་མིང་སྒྱུར་ལས་སྒོ་གཉེར་ཟིན་པ་དང་། ཁོང་གིས་རང་ལྗོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱི་སྟབས་བདེའི་ཞབས་ཞུར་བསྔགས་བརྗོད་ཡང་ཡང་བྱེད་བཞིན་སྟབས་བདེའི་ལས་སྒོས་དུས་ཚོད་གྲོན་ཆུང་ཐུབ་སོང་ཞེས་བཤད།

ལྗོངས་བཟོ་ཚོང་ཅུས་ལས་སྒོའི་ཚོམས་ཆེན་གྱི་ལས་དོན་པ་བསྟན་འཛིན་སྒྲོན་མས། སྔོན་ཆད་དྲ་ཐོག་ནས་ཞབས་ཞུ་སྔོན་མངགས་ཀྱི་ལས་སྒོ་ཤར་གཏོང་མ་ཐུབ་གོང་འདི་གར་ལས་སྒོ་གཉེར་བར་ཡོང་མཁན་བང་རིང་པོ་ཞིག་སྒྲིག་དགོས་ཀྱི་ཡོད། མི་མང་དུས་མི་འགའ་ཤས་ཚོམས་ཆེན་གྱི་ཕྱི་ལོག་ཏུ་མི་སྒུག་དཀའ་མེད་དུ་གྱུར། དགུན་ཁ་གནམ་གཤིས་གྲང་བའི་དུས་སུ་བང་སྒྲིག་རྒྱུར་བཟོད་སྒོམ་བྱེད་དགོས་ཀྱི་ཡོད་པའི་སྣང་ཚུལ་དེ་ནི་ལོ་རྒྱུས་སུ་གྱུར་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“དྲ་སྦྲེལ་དང་སྲིད་གཞུང་གི་ཞབས་ཞུ་ཟུང་དུ་སྦྲེལ་བའི”བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་དང་གློག་རྡུལ་གཉེར་སྐྱོང་ལག་ཁྱེར་མ་ལག་འཛུགས་པ་དང་། ཁེ་ལས་ཀྱི་མིང་དྲ་ཐོག་ནས་རང་ཚུགས་རེ་ཞུ་ལག་བསྟར་བྱེད་པ། ཐོ་འགོད་ཚོམས་ཆེན་གྱི་སྐད་འཕྲིན་སྔོན་མངགས་ཨང་གྲངས་འབོད་པའི་མ་ལག་ཤར་གཏོང་བྱེད་པ། སྲོལ་རྒྱུན་གྱི“ངོ་ཐུག་གདོང་འཕྲད”ཀྱི་ཞབས་ཞུ་དེ“གློག་ཀླད་དང་གློག་ཀླད་མཐུད་པའི”ཞབས་ཞུར་རིམ་བཞིན་བསྒྱུར་ནས་བཟོ་ཚོང་ལས་གཉེར་ལག་ཁྱེར་གཉེར་བར་དུས་ཚོད་ཀྱི་ཚོད་འཛིན་སླར་ཡང་མི་ཕོག་པར་ཁྱིམ་ནས་དོན་མི་དགོས་པར་ལས་སྒོ་གཉེར་རྒྱུ་མངོན་འགྱུར་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་བཟུང་དྲ་ཐོག་ནས་ལས་སྒོ་ཁག་ཁྲི་5.47གཉེར་བ་དང་། མིག་སྔར་ཐོ་འགོད་ལས་སྒོ་85%ཡན་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་ཀྱི་ཡོད་པ་རེད།

སྒྲོལ་དཀར་གྱིས་ཉེ་ཆར་ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་དུ་སྟབས་བདེའི་ལས་སྒོ་ཞིག་གཉེར་རྩིས་ཡོད། འབྲེལ་ཡོད་ལག་ཁྱེར་གཉེར་རྒྱུའི་སྐོར་ལ་བློ་འདྲི་བྱེད་སྐབས་ལས་དོན་པས་ཁོང་ལ་སྔོན་ཆད་བཟོ་ཚོང་དང་ཁྲལ་དོན་སྡེ་ཚན་དུ་བཟོ་ཚོང་ལས་གཉེར་ལག་ཁྱེར་དང་ཁྲལ་དོན་ཐོ་འགོད་ལག་ཁྱེར་གཉེར་རྒྱུ་དེ“ལག་ཁྱེར་གཉིས་སྒྲིལ”བྱས་ཡོད་པས། ལག་ཁྱེར་གཉིས་གཉེར་བར་སྡེ་ཚན་གཅིག་ལ་ཕྱིན་ནས་དཔྱད་གཞིའི་ཡིག་ཆ་གཅིག་སྤྲད་ན་འགྲིག་ཅེས་བཤད།

2014ལོའི་ཟླ་3པ་ནས་བཟུང་། རང་ལྗོངས་ཀྱིས་ཐོ་འགོད་མ་རྩ་དེ་དངུལ་སྨར་ཐོ་འཇལ་ལམ་ལུགས་ནས་དངུལ་སྨར་ཁས་ལེན་ལམ་ལུགས་སུ་བསྒྱུར་རྒྱུ་དང་། “སྔོན་ལ་ལག་ཁྱེར་དང་རྗེས་སུ་དཔང་ཡིག་སྤྲོད་པའི”སྒྱུར་བཅོས། “ལག་ཁྱེར་མང་པོ་གཅིག་ཏུ་སྒྲིལ་བའི”སྒྱུར་བཅོས། སྟབས་བདེའི་ཐོ་སུབ་སྒྱུར་བཅོས། “ལག་ཁྱེར་དང་དཔང་ཡིག་ལོགས་དབྱེའི”སྒྱུར་བཅོས་བཅས་ཀྱི་དུས་འགོའི་ལས་དོན་སོགས་ལག་བསྟར་བྱས་ཡོད་པ་རེད། ཁེ་ལས་ཀྱི“ལག་ཁྱེར་གསུམ་སྒྲིལ”དང“ལག་ཁྱེར་ལྔ་སྒྲིལ”ཁེར་རྐྱང་བཟོ་ཚོང་དུད་ཚང་གི“ལག་ཁྱེར་གཉིས་སྒྲིལ”བཅས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་ན་ནིང་སླར་ཡང་སྡེ་ཚན་10དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ལག་ཁྱེར་13ཟླ་སྒྲིལ་བཏང་བས“ལག་ཁྱེར་བཅོ་བརྒྱད་གཅིག་སྒྲིལ”མངོན་འགྱུར་བྱུང་ཡོད། ཟླ་སྒྲིལ་བྱ་ཡུལ་གྱི་དོན་ཚན་གྱི་ངོས་ནས་བརྗོད་ན། ཁེ་ལས་ཀྱིས་བཟོ་ཚོང་སྡེ་ཚན་དུ“ལག་ཁྱེར་གཅིག་དང་ཨང་རྟགས་གཅིག”གི་གཉེར་སྐྱོང་ལག་ཁྱེར་གཉེར་བར་ཕྱིན་ན་འགྲིག་ལ། སྡེ་ཚན་ཁག་དབར་ཕར་འགྲོ་ཚུར་འོང་བྱེད་པའི་དུས་ཚོད་ཀྱང་གྲོན་ཆུང་ཐུབ་ཀྱི་ཡོད།

“ཚོང་གཉེར་ཁོར་ཡུག་ཇེ་ཡག་ཏུ་ཕྱིན་ནས་ཚང་མའི་གསར་གཏོད་བྱེད་སེམས་དེ་བས་ཆེ་རུ་ཕྱིན་ཡོད”རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལས་དོན་ལ་ཁེ་ལས་དང་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ནུས་ཤུགས་ཡོད་རྒུས་ཟབ་ཏུ་བཏང་ཞིང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་སྒྱུར་བཅོས་ཟབ་གཏོང་གི་གཙོ་གནད་ནང་དོན་དུ་བརྩིས་པས། དེ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་དར་ཆ་ཞིག་ལ་གྱུར་ཡོད། ལོ་4ཡི་ནང་རང་ལྗོངས་ཀྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཆོག་འཐུས་འགྲོ་ལུགས་སྔར་བས་གཉེར་བདེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དམངས་ཀྱིས་བྱ་གཞག་གཏོད་རྒྱུ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཟླ་བ་དངོས་གྲུབ་ཀྱིས། 2014ལོའི་ཟླ་3པར་སྒྱུར་བཅོས་བྱེད་འགོ་བཙུགས་པ་ནས་བཟུང་རང་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ“གྲི་ཁ་ནང་དུ་བཀུག་པ”དང“རང་ངོས་གསར་བརྗེ”བྱེད་ཕོད་པ་བྱེད་པ་དང་སྣེ་ཁྲིད་ནས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་ཁྲོམ་རའི་ཆོག་འཐུས་དང་། ཡིད་རྟོན་ལྟ་སྐུལ་དོ་དམ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བཟོ་ཚོང་དཔུང་ཁག་གི་བསམ་བློའི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས། ལས་ཀའི་སྤྱོད་ཚུལ་བཅས་ལ་འགྱུར་ལྡོག་ཆེན་པོ་གསུམ་བྱུང་ནས་ཁྲོམ་རའི་ཆོག་འཐུས་དེ“གཱ”ནས“གློད་གཏོང”དང་དེ་ནས་ཆ་འཕྲིན་ཅན་དང་རིག་ནུས་ཅན་བར་གྱི་མཆོང་སྐྱོད་ཆེན་པོ་གསུམ་བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་ཕྱིན་ཡོད་ཅེས་བཤད།

 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།