ཏང་མང་མཉམ་ལས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ།

2018-03-05 11:17:23

ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དམངས་གཙོ་མནའ་...

ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲི་ཀུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ཚོར་གཟིགས་སྐབས།

ཟླ་3ཚེས་4ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲི་ཀུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་བ་དབང་དབྱང་གཟིགས་སྐབས་དང་གྲོས་བསྡུར་ནང་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་3ཚེས་4ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲི་ཀུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེས་ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ཏང་མང་མཉམ་ལས་ཀྱི་ཁྱད་འཕགས་ལེགས་ཆ་འདོན་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རང་རྒྱལ་གྱི་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཚོས“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ངེས་ཤུགས་ལ་ཤུགས་སྣོན་རྒྱག་པ། ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་པ། རྒྱ་ཁྱབ་ངང་ནུས་སེམས་གཅིག་སྒྲིལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་གནང་མཁན་དབང་དབྱང་གྲོས་བསྡུར་ནང་ཞུགས་པ་རེད།

མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཚའོ་ཝེ་ཤིན་དང་། ཡན་ཞའོ་ཧྥེ། ཀྲོའུ་ཀྲུང་ཧོ། ལི་ཀྲོ་པིན། ཝུའུ་ཝེ་ཧྲན། ཁྲེན་ཁྲའོ། ཀའོ་ཧུང་ཅུན། ཀོ་ཅེ་བཅས་ཨུ་ཡོན་བརྒྱད་ཀྱིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད་པའི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཚན་རྩལ་གདེང་འཇོག་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ཕྱིར་སྡོད་རང་མིའི་མ་རྩ་དང་བློ་གྲོས་ནུས་པ་འདོན་སྤེལ་བྱ་རྒྱུ། བརྩམས་ཆོས་རྩེ་གྲར་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ། ངོགས་བྲལ་གསར་གཏོད་ལས་གཏོད་ཀྱི་བྱེད་ཐབས་གསར་པ་གཏོད་རྒྱུ། གོ་རིམ་ལྡན་པའི་ཤེས་ལྡན་མི་སྣའི་འགྲོ་རྒྱུག་ལམ་སྲོལ་བཟང་པོ་འཛུགས་རྒྱུ། ཕྱིར་སྡོད་རང་མིའི་བློ་གྲོས་ལ་བརྟེན་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་བསྐྲུན་རྒྱུར་གཞོགས་འདེགས་བྱེད་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཚོགས་པ་དང་། ཀྲི་ཀུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་ལྟ་བར་ཡོང་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་སྤེལ་རེས་བྱ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཚང་མས་གཏམ་བཤད་གནང་སྐབས་བསམ་འཆར་དང་གྲོས་འགོ་ཡག་པོ་བཏོན་སོང་བས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཞིབ་འཇུག་ནན་ཏན་བྱེད་དགོས། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འདིར་བཞུགས་པའི་ཨུ་ཡོན་དང་། རྒྱ་ཆེའི་དམངས་གཙོ་ཏང་ཤོག་གི་ཁོངས་མི། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ། མེས་རྒྱལ་དུ་ཕྱིར་ལོག་བྱས་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་རེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ། ཡུན་རིང་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ། དེ་སྔ་སྒྲུབ་བསམ་ཡང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པ་བཅས་བྱས་པར་བརྟེན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ནུས་པ། མི་དམངས་ཀྱི་ཐོབ་ཚོར་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་རང་རེའི་ཏང་དང་། རྒྱལ་ཁབ། མི་དམངས། དམག་དཔུང་བཅས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པར་དེ་ནི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་མ་ཟད། དེའི་ནང་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག་དང་དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱི་སེམས་ནུས་དང་བློ་གྲོས་གཅིག་ཏུ་འདུས་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་ཏང་མང་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནན་བཤད་བྱས་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་རྒྱུ་ཡང་ནན་བཤད་བྱས་ཡོད། ཆབ་སྲིད་གྲོས་མོལ་དང་། སྲིད་ཞུགས་སྲིད་གྲོས། དམངས་གཙོའི་ལྟ་སྐུལ་བཅས་ནི་དམངས་གཙོ་དེ་རིགས་ཀྱི་ཆེས་རྩ་བའི་མངོན་ཚུལ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་སྐྱོང་བྱེད་པ་ནི་དམངས་གཙོ་མི་དགོས་པ་ཞིག་མིན་པར། དེ་བས་རྒྱ་ཁྱབ་དང་དེ་བས་ནུས་ལྡན་གྱི་དམངས་གཙོ་ཞིག་གྲུབ་ཆེད་ཡིན། ང་ཚོས་ཏང་མང་མཉམ་ལས་ཀྱི་ལམ་སྲོལ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱས་ཏེ་འགན་འཁྲི་ཆེ་རུ་དང་འགན་འཁྲི་སྒྲུབ་ཕོད་པ་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། དུས་རབས་གསར་པའི་ཏང་མང་མཉམ་ལས་ཀྱི་གར་སྟེགས་ཧ་ཅང་ཡངས་པར་བརྟེན་སྲིད་ཏང་གྲོས་མོལ་གྱི་དམངས་གཙོའི་བྱེད་ཐབས་དང་ལམ་ལུགས་ཀྱི་ཐབས་ལམ་དེ་ཡག་པོ་སྤྱད་ནས་གནད་དོན་འཕྲད་སྐབས་གྲོས་བསྡུར་མང་ཙམ་བྱེད་པ་དང་། གནད་དོན་འཕྲད་སྐབས་གྲོས་བསྡུར་ཡག་པོ་བྱེད་པ། གནད་དོན་འཕྲད་སྐབས་གྲོས་བསྡུར་བྱེད་ཤེས་པ་བཅས་བྱེད་པ་དང་འབྲེལ་གྲོས་མོལ་བརྒྱུད་ཐུན་མོང་གི་ངོས་འཛིན་དང་། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་ཐུབ་པ་བྱེད་དགོས། སྲིད་ཏང་གི་གྲོས་མོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་ཕྱི་ཚུལ་ཙམ་མིན་པས་གཏམ་ལ་ཁུངས་གཏུགས་ས་ཡོད་པ་དང་། གཏམ་ལ་རྒྱུ་མཚན་ཡོད་པ། གཏམ་ལ་ཚད་ཡོད་པ། གཏམ་ལ་ནང་དོན་ཡོད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་ངང་གྲོས་མོལ་དང་གྲོས་མོལ་ཏན་ཏིག་དང་། གནས་ཚུལ་དངོས་བརྗོད་པ་དང་ཐབས་བཟང་འདོན་པ། གཙོ་གནད་ཐད་སྲིད་ཞུགས་ཐུབ་པ་དང་འགག་རྩའི་ཐད་སྲིད་གླེང་ཐུབ་པ་བཅས་བྱས་ཏེ་གྲོས་མོལ་ཐུབ་པ་དང་སྲིད་གླེང་བྱེད་མཁས་པའི་ཐད་ཕན་འབྲས་དངོས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པའི་ཐད་ལས་འགན་གལ་ཆེན་དང་བྱེད་ཐབས་མང་པོར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་པ་དང་གནད་དོན་མང་པོར་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཚང་མས་འཇུག་གཞི་མཁས་པོ་དང་ཟུང་འབྲེལ་བྱེད་ས། ཤུགས་རྒྱག་ས་བཅས་འཚོལ་མཁས་པོ་བྱས་ཏེ་འཐབ་ཕྱོགས་དང་པོར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྐྱོན་བརྗོད་ལྟ་སྐུལ་གྱི་ལས་དོན་ཧུར་ཐག་སྤེལ་ནས་འཐབ་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་དང་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་འདི་ལོ་ནི“ལྔ་གཅིག་གི་འབོད་ཚིག”ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བའི་དྲན་གསོའི་ལོ་རེད། དམངས་གཙོ་ཏང་ཤོག་ཁག་གིས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱེད་དགོས་པ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བྱེད་པོ་ནི་ཤེས་ཡོན་ཅན་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་རྒྱུར་སྣེ་ཁྲིད་བྱས་ཏེ་བདེན་དོན་མཐའ་འཁྱོངས་དང་ཤེས་ཡོན་ཡང་དག་བརྒྱུད་སྤེལ་བྱས་ནས་སྤྱི་ཚོགས་ལ་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་དགོས་པ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་རྩ་འཛུགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་ཕྱིར་སྡོད་རང་མིའི་སེམས་ཤུགས་དང་། ནུས་པ། བློ་གྲོས་བཅས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ཏེ། མེས་རྒྱལ་དུ་ཕྱིར་ལོག་བྱས་པའི་རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླར་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཡིའུ་ཆོན་དང་། ཀྲང་ཆིང་ལི། དབན་ཀང་། ཁྲེན་ཤའོ་ཀོང་སོགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ་རེད།

 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།

ང་ཚོའི་སྐོར་གྱི་ངོ་སྤྲོད། |ང་ཚོའི་འབྲེལ་གཏུག་བྱ་ཡུལ།

ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། སི་ཁྲོན། icp པའེ ༡༦༠༡༠༣༧༢

ལག་རྩལ་གྱི་རོགས་སྐྱོབ། ཨའེ་ཀྲུའུ་ཧྲི་ཡན་༼པེ་ཅིན༽་དྲ་རྒྱའི་མ་རྐང་ཚད་ཡོད་ཀུང་སི།